28809

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དམྱལ་བའི་མེ་གཞིལ་བའི་ཏིང་ངེ་འཛིན་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། སྲེག་པའི་བསྐལ་པ་གཞིལ་བའི་ཏིང་ངེ་འཛིན་གྱི་ཁོངས་གཏོགས་ཤིག་སྟེ། མདོ་འགྲེལ་མུན་པའི་གོ་ཆ་ལས། དམྱལ་བའི་མེ་གཞིལ་བ་ནི། རྣལ་འབྱོར་པའི་ལག་མཐིལ་དུ་འཁོར་ལོ་བསམ་པའི་ལྟེ་བ་ལ། ཨ་ལས་ཟླ་བའི་སྟེང་དུ་ཁཾ་སྔོན་པོ་བསམ་པ་ལས་བདུད་རྩིའི་ཆུ་རྒྱུན་ཕབ་ལ་དམྱལ་བའི་མེ་གསད་པའོ། །ཞེས་པ་ལྟར་གཟི་ལྡན་འཆར་ཁའི་འོད་སྣང་ལས། རྣལ་འབྱོར་པས་ལག་གི་དཀྱིལ་འཁོར་གྱི་མཐིལ་དུ་འཁོར་ལོ་བསམ་པ་ལས། དེའི་ལྟེ་བར་ཨ་ལས་ཆུ་ཟླའི་དཀྱིལ་འཁོར་རབ་ཏུ་གསལ་བ་ལ་ཁཾ་སྔོན་པོ་བསམ་པས། དེ་ལས་བདུད་རྩིའི་ཆུ་བོ་ཆེན་པོའི་རྒྱུན་བྱུང་བས་སྲེག་ཅིང་འབར་བ་དམྱལ་བའི་མེ་ཆེན་པོ་གསད་དེ་རབ་ཏུ་ཞི་བར་བྱེད་པའོ། །ཞེས་གསུངས། འདི་ལ་ནང་གི་སྲེག་པ་གཞིལ་བའི་ཏིང་ངེ་འཛིན་ཡང་བརྗོད།
Domain ཆོས་ལུགས།

{{#arraymap:དམྱལ་བའི་མེ་གཞིལ་བའི་ཏིང་ངེ་འཛིན་

|; |@@@ | | }}