28827

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དར་གུད་ཀྱི་རྫོང་ལུགས་ (1)
Part of speech མིང་ཚིག
Definition འབྱུང་རྩིས་ཟླ་ཟེར་དུ་བག་མ་ལམ་འཇུག་གི་རྩིས་ཀྱི་སྐབས་སུ་བསྟན་པའི་རྫོང་ལུགས་བཅུའི་ནང་གསེས་ཤིག་སྟེ། བག་མ་སུ་ཞིག་གནས་ལ་འགྲོ་སྐབས་ཀྱི་དར་གུད་གང་ཡིན་ལ་གཞིགས་ཏེ་རྫོང་ལོའི་བཟང་ངན་བརྟག་ནས་རྫོངས་པ་ལ་ཟེར་བ་ཡིན། དེ་ཡང་བག་མའི་སྲོག་ལུས་དབང་ཀླུང་བཞིའི་དར་གུད་ཀྱི་དབུགས་སྤྱི་ལྟར་བླངས་ཏེ་གནས་ལ་འགྲོ་དུས་ཀྱི་གནམ་ལོའི་སྟེང་དུ་གཏུགས་ན། སྤྱིར་བཟང་དྲུག་ལ་བབས་དུས་བཟང་བས་རྫོང་རུང་ཞིང་ངན་དྲུག་ལ་བབས་དུས་ངན་པས་རྫོང་མི་རུང་། གལ་སྲིད་མི་རུང་བའི་དུས་དེར་ཅིས་ཀྱང་རྫོང་དགོས་བྱུང་ཚེ་སྲོག་གུད་ན་མདའ་དར་གྱི་དབུས་སུ་རྡོ་རྗེ་རྒྱ་གྲམ་དང་། དབང་ཐང་གུད་ན་གཡུང་དྲུང་། ཀླུང་རྟ་གུད་ན་པདྨ་འདབ་བརྒྱད་བཅས་བྲིས་ནས་བག་མ་འགྲོ་བའི་མདུན་དུ་ཕྱར་ན་གུད་པ་རྣམས་ཀྱི་ཉེས་པ་ཞི་བར་བཤད། བྱེ་བྲག་ཏུ་ངན་དྲུག་ལས་ཀྱང་ཁྱད་པར་དུ་ངན་པ་ན་ཤི་དུར་གསུམ་ཡིན་པས། དེ་གསུམ་ལས་གང་ཞིག་སྲོག་གི་དར་གུད་ལ་བབས་དུས་བརྫངས་ན་རྐྱེན་དང་སྡུག་བསྔལ་འོང་བས། བཅོས་སུ་ཚེ་སྒྲུབ་བྱ་ཞིང་སྒྲོལ་དཀར་གདོན་དགོས། ལུས་ཀྱི་དར་གུད་ལ་བབས་དུས་བརྫངས་ན་བུ་ཚ་གླེན་ལྐུགས་སྐྱེ་བས། བཅོས་སུ་གསེར་འོད་དང་རྣམ་རྒྱལ་གདོན་དགོས། དབང་ཐང་གི་དར་གུད་ལ་བབས་དུས་བརྫངས་ན་ནོར་ལ་གོད་ཁ་ལྡང་བས། བཅོས་སུ་སྤྲང་སྟོན་དང་སྦྱིན་པ་གཏོང་དགོས། ཀླུང་རྟའི་དར་གུད་ལ་བབས་དུས་བརྫངས་ན་མྱ་ངན་འཁོར་བས། བཅོས་སུ་རྡོ་རྗེ་རྣམ་འཇོམས་གདོན་དགོས། དེ་མིན་མག་པའི་ལུས་ཁམས་རང་དང་དེའི་དགྲ་གཉིས་ཀྱི་དར་གུད་གནམ་ལོར་གཏུགས་ན་གུད་པ་དང་། བག་མའི་ལུས་ཁམས་རང་དང་དེའི་དགྲ་གཉིས་ཀྱི་དར་གུད་གནམ་ལོར་གཏུགས་ན་ཤི་བ་ལ་བབས་པའི་ལོ་དེར་བག་མ་གཏོང་ལེན་བྱས་ན་རབས་ཆད་ཅིང་ཤི་ཏུ་ངན་པར་བཤད་པས་ཅིས་ཀྱང་སྤང་དགོས།
Domain རྩིས་རིག

{{#arraymap:དར་གུད་ཀྱི་རྫོང་ལུགས་

|; |@@@ | | }}