28828

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དར་གུད་ཀྱི་རྭ་བསེ་རོ་ཟློས་ (1)
Part of speech མིང་ཚིག
Definition རྭ་བསེ་རོ་ཟློས་ཀྱི་ནང་གསེས་ཟློས་པ་ཡོད་པའི་དར་གུད་དེ། འཆི་འཕོ་སྐབས་ཀྱི་སྲོག་སོགས་བཞིའི་དར་གུད་གནམ་ལོའི་སྟེང་དུ་ཁྱེར་བ་ངན་དྲུག་ཏུ་གཏོགས་པ་ལ་ཟེར་ཞིང་། དེར་གཏོགས་ན་དར་གུད་ཀྱི་རྭ་བསེའི་བཏང་གཅོད་རྡེའུ་ནག་ཅིང་རོ་ཟློས་འབྱུང་བར་བཤད། གལ་སྲིད་རང་ལོ་སྟག་ཡིན་པའི་གཤིན་པོ་གང་ཞིག་ཚེ་ལས་འདས་སྐབས་ཀྱི་གནམ་ལོ་སྤྲེལ་ཡིན་ན་དབུགས་ལེན་དང་། བྱ་ཡིན་ན་མངལ་གནས། འབྲུག་ཡིན་ན་གུད་པ། སྦྲུལ་ཡིན་ན་ན་བ། རྟ་ཡིན་ན་ཤི་བ། ལུག་ཡིན་ན་དུར་ཞུགས་བཅས་ཡིན་པ་ལྟ་བུ་ཡིན། འདི་ནི་སྲོག་རྐྱང་པའི་དར་གུད་ངན་དྲུག་ཏུ་འབབ་པའི་དཔེར་བརྗོད་ཡིན་ལ། ལུས་དབང་ཀླུང་གསུམ་ཡང་འདི་དང་རིགས་བསྒྲེས་བྱས་ན་རྟོགས་སླ།
Domain རྩིས་རིག

{{#arraymap:དར་གུད་ཀྱི་རྭ་བསེ་རོ་ཟློས་

|; |@@@ | | }}