28829

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དར་གུད་བཅུ་གཉིས་ (1)
Part of speech མིང་ཚིག
Definition བརྩི་བྱ་ཞིག་སྐྱེས་ནས་འཚར་ཏེ་རྒ་ནས་ཤི་བའི་བར་གྱི་བརྒྱུད་རིམ་ལ་སྦྱར་བའི་དབུགས་ལེན་དང་། མངལ་གནས། ལུས་རྫོགས། བཙས་པ། ཁྲུས་བྱེད། གོས་གྱོན། ལས་བྱེད། དར་བ། གུད་པ། ན་བ། ཤི་བ། དུར་ཞུགས་བཅས་བཅུ་གཉིས་ལ་ཟེར་བ་ཡིན། དེ་དག་གང་གི་སྟེང་དུ་སྐོར་སའི་ཡུལ་གྱི་ཆ་ནས་ལོའི་དར་གུད་དང་། སྤར་ཁའི་དུར་གུད་བཅས་ནང་གསེས་གཉིས་ཡོད་ཅིང་། མིང་གི་རྣམ་གྲངས་ལ་དབུགས་ལེན་ལ་སྐལ་ཟད་དང་། མངལ་གནས་ལ་བྱུར་ངན་ལྟུང་བ། ལུས་རྫོགས་ལ་བདེ་བ་ལྡན་པ། བཙས་པ་ལ་ལོངས་སྤྱོད་ཆེ་ཐོབ། ཁྲུས་བྱེད་ལ་བསམ་པ་འགྲུབ་པ། གོས་གྱོན་ལ་གསོ་ཐུབ། ལས་བྱེད་ལ་རྒྱུན་རིང་། དར་བ་ལ་གཏེར་ཆེན་རྙེད་པ། གུད་པ་ལ་བྱེ་བྲལ། ན་བ་ལ་འཕུང་གྱོད། ཤི་བ་ལ་གཡང་ཉམས། དུར་ཞུགས་ལ་རྒྱུན་ཆད་བཅས་ཟེར་བ་ཡིན། བཅུ་གཉིས་པོ་དེ་དག་བཟང་ངན་གཉིས་སུ་ཕྱེས་པའི་བཟང་གསུམ་ནི་བཟང་པོའི་རབ་དར་བ་དང་ལས་བྱེད། བཟང་པོའི་ཁྲུས་བྱེད་དང་གོས་གྱོན། བཟང་པོའི་ཐ་ལུས་རྫོགས་དང་བཙས་པ་བཅས་དང་། དེ་བཞིན་དུ་ངན་གསུམ་ནི་ངན་པའི་རབ་དབུགས་ལེན་དང་མངལ་གནས། ངན་པའི་འབྲིང་གུད་པ་དང་ན་བ། ངན་པའི་ཐ་ཤི་བ་དང་དུར་ཞུགས་བཅས་ཡིན། རྩིས་ཀྱི་བསྟན་བཅོས་བཻ་དཀར་ལས་བཟང་ངན་དབྱེ་སྟངས་ནི་དེ་དང་ཅུང་མི་འདྲ་བར་བཟང་པོའི་རབ་གོས་གྱོན་དང་དར་བ། བཟང་པོའི་འབྲིང་བཙས་པ་དང་ལས་བྱེད། བཟང་པོའི་ཐ་ལུས་རྫོགས་དང་ཁྲུས་བྱེད། ངན་པའི་རབ་དབུགས་ལེན་དང་མངལ་གནས། ངན་པའི་འབྲིང་དུར་ཞུགས་དང་ན་བ། ངན་པའི་ཐ་ཤི་བ་དང་གུད་པ་བཅས་ཡིན། ཀེག་རྩིས་སྐབས་སུ་ངོས་འཛིན་མཚན་མའི་རྡེའུ་འཇོག་སྟངས་ནི་བཟང་བའི་རབ་ལ་རྡེལ་དཀར་གསུམ་དང་། བཟང་བའི་འབྲིང་ལ་རྡེལ་དཀར་གཉིས་དང་། བཟང་བའི་ཐ་ལ་རྡེལ་དཀར་གཅིག ངན་པའི་རབ་ལ་རྡེའུ་ཁྲ་མ། ངན་པའི་འབྲིང་ལ་རྡེལ་ནག་གཅིག ངན་པའི་ཐ་ལ་རྡེལ་ནག་གཉིས་བཅས་འཇོག་ཅིང་། རྩིས་ཚུལ་གཞན་དག་གི་སྐབས་སུ་བཟང་དྲུག་ལ་རྡེའུ་དཀར་པོ་གཅིག་དང་། ངན་དྲུག་ལ་རྡེའུ་ནག་པོ་གཅིག་བཅས་འཇོག་པ་ཡིན།
Domain རྩིས་རིག

{{#arraymap:དར་གུད་བཅུ་གཉིས་

|; |@@@ | | }}