28830

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དར་གུད་བཅུ་གཉིས་དང་དེ་དག་གི་བཟང་དྲུག་ངན་དྲུག་ (1)
Part of speech མིང་ཚིག
Definition མདོ་རྒྱུད་རིན་པོ་ཆེའི་མཛོད་དེབ་གཟུགས་གླེགས་བམ་གཉིས་པ་ལས་བྱུང་བ་སྟེ། ༡ དབུགས་ལེན། ༢ མངལ་གནས། ༣ ལུས་རྫོགས། ༤ བཙས་པ། ༥ ཁྲུས་བྱེད། ༦ གོས་གྱོན། ༧ ལས་བྱེད། ༨ དར་བ། ༩ གུད་པ། ༡༠ ན་བ། ༡༡ ཤི་བ། ༡༢ དུར་ཞུགས་བཅས་སོ། །དེ་དག་གི་བཟང་དྲུག་ནི། དར་བ་ལས་བྱེད་བཟང་པོའི་རབ། ཁུས་བྱེད་གོས་གྱོན་བཟང་པོའི་འབྲིང་། ལུས་རྫོགས་བཙས་པ་བཟང་པོའི་ཐའོ། །ངན་དྲུག་ནི། དབུགས་ལེན་མངལ་གནས་ངན་པའི་རབ། གུད་པ་ན་བ་ངན་པའི་འབྲིང་། ཤི་བ་དུར་ཞུགས་ངན་པའི་ཐའོ། །དེ་དག་རྣམས་ཀྱང་རིམ་པ་བཞིན། ༡ གཏེར་ཆེན་རྙེད་པ། ༢ རྒྱུན་རིང་བ། ༣ བསམ་གྲུབ། ༤ གསོ་ཐུབ། ༥ བདེ་བ་ལྡན། ༦ ལོངས་སྤྱོད་ཆེ་ཐོབ། ༧ སྐལ་ཟད། ༨ བྱུར་ངན་ལྷུང་། ༩ བྱེ་བྲལ། ༡༠ ཕུང་གྱོད། ༡༡ གཡང་ཉམས། ༡༢ རྒྱུན་ཆད་བཅས་སོ། །
Domain རྩིས་རིག

{{#arraymap:དར་གུད་བཅུ་གཉིས་དང་དེ་དག་གི་བཟང་དྲུག་ངན་དྲུག་

|; |@@@ | | }}