28869

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དར་ཚང་བློ་བཟང་རབ་རྒྱས་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་བཞི་པའི་ཆུ་རྟ་ཕྱི་ལོ་ ༡༨༢༢ ལོར་མདོ་སྨད་ཚེར་ཕུག་ཏུ་འཁྲུངས། ཆུང་དུས་ནས་བྱ་ཁྱུང་དགོན་པར་ཞུགས། ར་ཚ་བློ་བཟང་དཔལ་ལྡན་རྒྱ་མཚོ་དང་། ཨུ་ཤི་དགེ་བཤེས་ཞབས་དྲུང་གཉིས་བསྟེན། གསེར་ཁང་བློ་བཟང་བསྟན་འཛིན་རྒྱ་མཚོ་ལས་རབ་ཏུ་བྱུང་། དབུས་ཀྱི་སེར་བྱེས་གྲྭ་ཚང་དུ་ཞུགས། གཞུང་ཆེན་ལྔ་ལ་སྦྱངས། རྒྱལ་བ་མཁས་གྲུབ་རྒྱ་མཚོ་དང་། ཚ་རྡོར་ངག་དབང་ཚུལ་ཁྲིམས་རྣམ་གཉིས་ལས་བཀའ་ཆོས་གསན། བཀྲ་ཤིས་ལྷུན་པོར་པཎ་ཆེན་བསྟན་པའི་ཉི་མར་ཆོས་འབྲེལ་ཞུས། ཐར་ཤུལ་དགེ་འདུན་ཆོས་སྐྱོང་རྒྱ་མཚོ་ལྷན་ཨ་མདོར་ཕེབས། བྱ་ཁྱུང་དགོན་དུ་དབུ་ཕར་གྱི་དམ་བཅའ་གཞག རྒྱུད་ཁྲིར་བཞུགས། རབ་བྱུང་བཅོ་ལྔ་པའི་ས་ཡོས་ཕྱི་ལོ ༡༨༧༩ ལོར་བྱ་ཁྱུང་དགོན་པའི་གདན་ཁྲིར་བཞུགས། གདན་ས་ལོ་གསུམ་རིང་བསྐྱངས། འདས་ལོ་མི་གསལ། བྱ་ཁྱུང་དགོན་པའི་མཁན་རབས་དོན་བརྒྱད་པ་ཡིན།

{{#arraymap:དར་ཚང་བློ་བཟང་རབ་རྒྱས་

|; |@@@ | | }}