28888

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དར་རྒུད་གསེར་འཕྲེང་ (1)
Part of speech མིང་ཚིག
Definition དར་རྒུད་གསེར་འཕྲེང་ཞེས་པ་ནི་གང་བརྩི་བྱའི་གང་ཟག་དེ་བརྩི་བའི་ཚེ་ན་དེའི་ཕ་མ་གཉིས་ཀྱི་སྲོག་ལུས་དབང་ཀླུང་བཞི་བརྩི་བྱའི་རང་ལོར་གཏུག་པ་བཞི། དེ་ནས་དར་རྒུད་གསེར་ཕྲེང་ནི། །བརྩི་བྱའི་སྲོག་ལུས་དབང་ཀླུང་བཞིའི། །དབུགས་བླངས་དར་རྒུད་རང་ལོར་གཏུག ། རང་གི་རྡེལ་བཞི་ཐུར་དུ་བཞག ། དེ་བཞིན་སྲོག་ལུས་དབང་ཀླུང་གི ། མ་བཞིའི་དར་རྒུད་བརྩི་བྱ་ཡི། །ལོ་ལ་གཏུག་པས་མ་བཞིའི་རྡེལ། །དེ་ནས་བུ་བཞི་གྲོགས་བཞི་དང་། །དགྲ་བཞིའི་དར་རྒུད་བཞི་བཞི་ཡང་། །རང་ལོར་གཏུག་པས་རྡེལ་ཕྲེང་བཀོད། །དེ་ནས་བརྩི་བྱའི་ཕ་དེ་ཡི། །སྲོག་ལུས་དབང་ཀླུང་དར་རྒུད་ཡང་། །བརྩི་བྱའི་རང་ལོར་གཏུག་པ་བཞི། །དེ་ཡི་མ་བཞི་བུ་བཞི་དང་། །དགྲ་བཞི་གྲོགས་བཞིའི་རྡེལ་ཕྲེང་ལྔ། །དེ་བཞིན་བརྩི་བྱའི་མ་དེ་ཡི། །སྲོག་ལུས་དབང་ཀླུང་ཀླུང་རྟ་བཞི། །མ་བཞི་བུ་བཞི་གྲོགས་དགྲ་བཞི། །སྔོན་ལྟར་དར་རྒུད་བསྐོར་བྱས་ནས། །བརྩི་བྱའི་ལོ་ལ་གཏུག་པ་ཡིན། །རྡེའུ་བཀོད་ཚུལ་མན་ངག་བཞིན། །དགྲ་བཞིའི་རྡེལ་བཞི་དཀར་ནག་བརྗེས། །དེ་བཞིན་རྡེའུ་འགལ་ཟླ་བཞག ། གཞན་གྱི་མི་ཤེས་ཟབ་ཁྱད་ཡིན། །
Domain རྩིས་རིག

{{#arraymap:དར་རྒུད་གསེར་འཕྲེང་

|; |@@@ | | }}