28907

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དར་ཤིང་ (1)
Part of speech མིང་ཚིག
Definition དར་ལྕོག་སོགས་དར་ཆའི་རིགས་གདགས་སའི་ཤིང།
Example དར་ཤིང་བཙུགས་ནས་དར་ལྕོག་བཏགས། དར་ཤིང་ཆག་ནས་དར་ལྕོག་འགྱེལ་ལྟ་བུ།
དར་ཤིང་ (2)
Part of speech མིང་ཚིག
Definition སྲིན་བལ་སྐྱུག་མཁན་སྲིན་བུ་གསོ་བྱེད་ཀྱི་ཤིང་སྡོང་།
དར་ཤིང་ (3)
Part of speech མིང་ཚིག
Definition ལོ་མང་སྐྱེ་བའི་སྡོང་རིང་ཤིང་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། སྡོང་པོ་སྦོམ་ལ་རྒྱས་ཤིང་ཕྱི་པགས་ཁམ་སེར་ཅུང་རྩུབ་ལ་ནང་ངོས་གསེར་ལྟར་སེར་ཞིང་འཇམ་པ། ཡལ་ཕྲན་གསར་པ་སེར་དཀར་ཕྲ་ལ་རིང་བ། ལོ་མ་ལྗང་སེར་སྒོར་དབྱིབས་རྩེ་མོ་རྣོ་བ། མཐར་སོག་ལེའི་ཁ་འདྲ་བ་དང་ལོ་རྐང་ཅན་རེ་མོས་སྐྱེ་བ། ལོ་མའི་མཆན་ཁུང་ནས་མེ་ཏོག་ལྗང་སེར་སྙེ་མའི་དབྱིབས་ཅན་འཆར་ཞིང༌། འབྲས་བུ་ཆུང་ལ་འབུར་ཚགས་ཡོད་པ་ཤ་རྒྱུ་ཅན་སྨིན་ནས་སྨུག་པོའམ་ཁམ་སེར་དུ་འགྱུར་བ་འདོགས་པ་སྟེ། རྨར་ཁམས་དང༌། དཔའ་ཤོད། ཚ་བ་རོང༌། རྫ་ཡུལ། སྤོ་བོ། ཉིང་ཁྲི་སོགས་སུ་ནགས་གསེབ་དང་གྲོང་པའི་ཉེ་འཁོར་དུ་སྐྱེ་བ་མང་བ་དང༌། འབྲས་བུ་བོད་ཟླ་བརྒྱད་པ་ཙམ་ལ་བཏུས་ཏེ་བསིལ་སར་ཧམ་རུལ་མ་ཤོར་བར་སྐམ་རྒྱུ་དང༌། སྡོང་པོ་དུམ་བུར་གཏུབ་སྟེ་ཏེ་ཁཎྜ་བཟོས་ནས་སྨན་དུ་སྤྱོད་རྒྱུ། འབྲས་བུ་རོ་མངར་བ་དང༌། ཞུ་རྗེས་མངར་བ། ནུས་པ་བསིལ་ལ་སྣུམ་པ་ཞིག་གོ།