2893

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁ་དམར་རྡེལ་བཞི་ (1)
Part of speech མིང་ཚིག
Definition ཀེག་རྩིས་ཞེ་བདུན་མའི་རྡེལ་གྱི་ཡ་གྱལ་ཏེ། གཅོད་འདྲལ་རྡེའུ་ཉེར་བཞི་ལས་སྲོག་རྡེལ་དྲུག་པོ་དཀར་ནག་བགྲངས་ནས་བཞག་པའི་སྲོག་གི་ཁ་དམར་རྡེའུ་དང་། ལུས་རྡེལ་དྲུག་པོ་དཀར་ནག་བགྲངས་ནས་བཞག་པའི་ལུས་ཀྱི་ཁ་དམར་རྡེའུ། དབང་རྡེལ་དྲུག་པོ་དཀར་ནག་བགྲངས་ནས་བཞག་པའི་དབང་ཐང་གི་ཁ་དམར་རྡེའུ། ཀླུང་རྡེལ་དྲུག་པོ་དཀར་ནག་བགྲངས་ནས་བཞག་པའི་ཀླུང་རྟའི་ཁ་དམར་རྡེའུ་བཅས་བཞི་ལ་ཟེར་བ་ཡིན། དེ་ཡང་གལ་ཏེ་དཀར་པོ་མང་ན་ཁ་དམར་རྡེའུ་དཀར་པོ་འཇོག་ལ། ནག་པོ་མང་ན་ནག་པོ་དང་། དཀར་ནག་མཉམ་ན་ཁྲ་བོ་འཇོག་དགོས་ཤིང་། བགྲང་བྱའི་རྡེའུའི་གནས་དཀར་ནག་བགྲང་བ་ལས་རྡེའུའི་ངོ་གྲངས་བགྲང་བ་མིན་ལ། ཁྲ་བོ་བབས་པའི་གནས་ནི་ཁ་དམར་སྐབས་སུ་དཀར་ནག་གང་དུ་ཡང་མི་བགྲང་ལ། ཡང་གལ་ཏེ་ནག་པོ་ལས་དཀར་པོ་གཉིས་ལྡབ་ཀྱིས་མང་ན་ཁ་དམར་རྡེའུ་ལ་དཀར་པོ་གཉིས་དང་། དཀར་པོ་ལས་ནག་པོ་གཉིས་ལྡབ་ཀྱིས་མང་ན་ཁ་དམར་རྡེའུ་ལ་ནག་པོ་གཉིས་འཇོག་པ་ཡིན་ནོ། །
Domain རྩིས་རིག