28957

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དལ་མོ་ (1)
Part of speech རྒྱན་ཚིག
Definition མགྱོགས་པོའི་ལྡོག་ཟླ་སྟེ། འགྲོ་འོང་དང་ལས་བྱེད་པ་ལྷོད་ལྷོད་ཡིན་པ།
Example གོམ་པ་དལ་མོ་བླངས་ནས་སོང། གླ་འཁོར་དལ་མོ་བྱས་ནས་རྒྱུག ལས་ཀ་དལ་མོ་བྱས་ནས་སྒྲུབ་ལྟ་བུ།
Antonyms མགྱོགས་པོ།
དལ་མོ་ (2)
Part of speech རྒྱན་ཚིག
Definition སེམས་ལ་བྲེལ་འཚུབ་མེད་པར་ལྷོད་ལྷོད་བྱས་པའི་དོན།
Example ཁོང་མི་དལ་མོ་ཞིག་རེད། སེམས་པ་དལ་མོ་བྱོས།
དལ་མོ་ (3)
Part of speech རྒྱན་ཚིག
Definition སྐད་ཆ་བཤད་པ་དང་འགུལ་སྐྱོད་ཀྱི་ཚད་མགྱོགས་པོ་མ་ཡིན་པ།
Example །གཏམ་དལ་མོོ་བཤད། ཟས་དལ་མོ་ཟོས། འཁོར་ལོ་དལ་མོར་བསྐོར། ལག་པ་དལ་མོ་འགུལ་ལྟ་བུ།
Antonyms མགྱོགས་པོ།