2905
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རབ་བྱུང་བཅུ་གཉིས་པའི་ལྕགས་ཁྱི་ཕྱི་ལོ་ ༡༧༣༠ ལོར་མདོ་སྨད་ཤར་རྒྱུད་གྲོ་ཆེན་གྱི་ཡུལ་དུ་ཡབ་ཚེ་རིང་དོན་གྲུབ་དང་། ཡུམ་ཀླུ་མོ་ཡག་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བདུན་པར་ཁྱ་དགེ་བློ་གྲོས་བསོད་ནམས་ཀྱི་དྲུང་ནས་རབ་ཏུ་བྱུང་། མཚན་ལ་བློ་བཟང་བསྟན་འཛིན་ཞེས་གསོལ། ཉེར་གཅིག་པར་སློབ་དཔོན་བརྩོན་འགྲུས་བཟང་པོའི་དྲུང་ནས་དགེ་ཚུལ་སློང་གི་སྡོམ་པ་བཞེས། དཀའ་སྤྱད་ཀྱིས་ཉམས་ལེན་དང་ཆོས་འཆད་དབང་ལུང་གནང་བ་སོགས་ཀྱིས་དུས་འདས། རེ་དྲུག་པ་རབ་བྱུང་བཅུ་གསུམ་པའི་ཤིང་ཡོས་ཕྱི་ལོ་ ༡༧༩༥ ལོར་སྐུ་གཤེགས། གསུང་རྩོམ་ནི་རི་ཁྲོད་བསམ་གཏན་གླིང་གི་བཅའ་ཡིག་དང་། བཅོམ་ལྡན་འདས་གཙུག་ཏོར་རྣམ་རྒྱལ་མའི་མངོན་རྟོགས། བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་སྒྲུབ་ཐབས། འཇམ་དབྱངས་དམར་སེར་གྱི་སྒྲུབ་ཐབས། སྨྱུང་གནས་བླ་བརྒྱུད་བཅས་ཆོས་ཚན་བཅུ་བདུན་ལོངས་པའི་པོ་ཏི་གཅིག་བཞུགས། |
{{#arraymap:ཁ་དྲོན་ནང་པ་བློ་བཟང་བསྟན་འཛིན་
|; |@@@ | | }}