29111
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | དིང་རི་བསམ་གླིང་དགོན་འདི་ནི། དེང་གི་གནས་ཡུལ། བོད་དབུས་སྟོད་དིང་རིའི་ཡུལ་ཁོངས། རྩིབས་རིའི་རི་རྒྱུད་དུ་ཆགས་ཡོད་ཅིང་། ཐོག་མར་རྒྱལ་བ་རྒོད་ཚང་པའི་ཐུགས་སྲས་འདྲ་འདྲ་བརྒྱད་ཀྱི་ཡ་གྱལ། བླ་མ་བསམ་གླིང་པས་ཕྱག་བཏབ། དགོན་འདི་ལ་བཤད་སྲོལ་མང་དུ་ཡོད་ཅིང་། རྒན་རབས་འགའ་ཞིག་གིས་བསམ་གླིང་དགོན་ཆགས་ཡུལ་དེར་སྔོན་རྡོ་རེག་པ་དུག་ཅན་ཟེར་བའི་ཕ་བོང་ཆེན་པོ་ཞིག་ཡོད་པ་དེར་འགྲོ་བ་གང་གིས་རེག་ཀྱང་དུག་ཕོག་ནས་འཆི་འགྲོ་བས་ཕ་བོང་དེ་སྔོན་དུག་མཚོའི་མཁའ་རླངས་ཡིན་པར་གྲགས་ཤིང་། དེའི་ཉེ་འགྲམ་དུ་ཆུ་མིག་ཅིག་ཡོད་པ་དེར་བྱ་དང་རི་དྭགས་མང་པོ་ཆུ་འཐུང་བར་འགྲོ་སྐབས་ཕ་བོང་དེར་རེག་པས་སེམས་ཅན་མང་པོ་ཤི་འགྲོ་བར་གྲགས། ཕྱིས་སུ་བླ་མ་བསམ་གླིང་པ་མཆོག་གི་ཐུགས་ཀྱིས་མ་བཟོད་པར། གནས་དེར་དགོན་པ་གསར་བཞེངས་དང་། དུག་རྡོའི་གོང་དུ་རྒྱལ་བ་བྱམས་པའི་སྐུ་འདྲ་ཉིས་ཐོག་ཞིག་བཞེངས། དགོན་དེར་འདུས་པ་གསུམ་བརྒྱ་ལྷག་ཙམ་འདུས་ཤིང་། བླ་མའི་མཚན་དགོན་པའི་མིང་ཆགས་ནས། བསམ་གླིང་དགོན་ཐོགས་ཞེས་དང་། ཡང་བཤད་སྲོལ་གཅིག་ལ། མཁས་དབང་རྗེ་སྐལ་ལྡན་རྒྱ་མཚོའི་ལྷོའི་ཆོས་འབྱུང་ལས། ལྷོ་བདག་རྒྱལ་པོ་སི་ཏུ་ཆོས་ཀྱི་རིན་ཆེན་གྱིས། ཆོས་རྗེ་ནམ་མཁའ་འོད་ཟེར་བླ་མར་སྤྱན་དྲངས་ནས་སྒྲུབ་གྲྭ་གསར་དུ་བཙུགས་ཞེས་པ་དང་། ཡང་སེར་རྫོང་དཀར་ཆག་ཏུ་བདག་ཆེན་ནམ་མཁའ་ཚེ་དབང་བཀྲ་ཤིས་སྐབས། བསམ་གླིང་དགོན་འདི་ཉིད་གསར་དུ་བཏབ་པར་བཤད་ཀྱང་། འདི་སྒང་དཀར་མཁས་བཙུན་པས། བྱམས་ཆེན་བཞེངས་དུས་བྱམས་ཁང་དང་འདུ་ཁང་སོགས་བདག་ཆེན་ནས་མཐུན་རྐྱེན་རྒྱ་ཆེར་སྦྱར་ནས་གསར་བཟོ་མཛད་འདུག་པས་དེ་དང་འཁྲུལ་གཞི་བྱུང་བར་གསུངས། དེ་ནས་རིམ་བཞིན་བཀའ་བཞི་ནམ་མཁའ་འོད་ཟེར། འཛམ་གླིང་པ་བསོད་ནམས་འོད་ཟེར། མཁས་གྲུབ། སྒང་དཀར་མཁས་བཙུན་ཆོས་རྗེ། འདིའི་བྱམས་ཆེན་ཉིས་ཐོག་མ་བཞེངས་གནང་མཛད། འཛམ་གླིང་པ་བསོད་ནམས་ཆོས་གྲུབ། ལྕི་ལུང་པ་རས་ཆེན་གཞོན་ནུ་དཔལ་ལྡན། ཆོས་རྗེ་བརྩོན་འགྲུས་དཔལ་ལྡན། ཆོས་རྗེ་མགོན་པོ་བ། ལོ་པཎ་རས་ཆེན། པཎ་ཆེན་གཞུང་བརྒྱ་པ་དངོས་གྲུབ་དཔལ་འབར། ཆོས་རྗེ་མུས་པ་དཔལ་འབྱོར། རྗེ་རྒྱ་མཚོ་པད་དཀར་སྐུ་དུས་འབྲུག་ལུགས་སུ་སྒྱུར། འཁོར་ལོ་སྡོམ་པ་ཡབ་ཡུམ་གྱི་སྐུ་བརྙན་ཐོག་ཚད་མ་གསར་བཞེངས་མཛད། མཁས་དབང་སངས་རྒྱས་རྡོ་རྗེ། སློབ་དཔོན་བྷུ་ཏ་ཏྲ་བ་པད་དཀར་བསྟན་འཛིན། རྗེ་མི་ཕམ་བསམ་འགྲུབ། ཆོས་རྗེ་གྲགས་པ་བྷུ་ཏ་ཏྲ་བ། རྗེ་བཀའ་བརྒྱུད་རྣམ་རྒྱལ་གྱི་སྤྲུལ་སྐུ་སོགས་བྱོན་ཏེ་རབ་བྱུང་བཅུ་གཉིས་པའི་ཆུ་བྱི་ ༡༧༣༢ ལོ་བར་དགོན་དེ་ཉིད་དར་རྒྱས་ཆེན་པོ་བྱུང་། རྒྱ་དམར་གྱི་ཉམས་ཉེས་མ་ཡོངས་ཀྱི་བར་དུ། འབྲུག་བདེ་ཆེན་ཆོས་འཁོར་གླིང་དགོན་ནས་བླ་ཚབ་དང་འཛིན་སྐྱོང་གནང་གི་ཡོད་ཀྱང་། དེང་སྐབས་སུ་གྱང་ཤུལ་ལས་མེད། |
{{#arraymap:དིང་རི་བསམ་གླིང་དགོན་
|; |@@@ | | }}