29113

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དིང་རི་རྒོད་ཚང་བྲག་དགོན་ (1)
Part of speech མིང་ཚིག
Definition དིང་རི་རྒོད་ཚང་བྲག་དགོན། རྗེ་རྒོད་ཚང་པ་མགོན་པོ་རྡོ་རྗེས་ཕྱག་བཏབ། (རྒོད་ཚང་པ་རབ་བྱུང་གསུམ་པའི་ས་མོ་བྱ་ ༡༡༨༩ ལོར་སྐུ་བལྟམས། ས་རྟ་ ༡༢༥༨ ལོར་མྱ་ངན་ལས་འདས། ) མགོན་པོ་འདི་དགུང་གྲངས་སུམ་ཅུ་སོ་ལྔའི་སྐབས་གནས་འདིར་ཕེབས་པར་རྣམ་ཐར་དུ་གསལ་བས། དེས་ན་ཤིང་སྤྲེལ་ཕྱི་ལོ་ ༡༢༢༤ ལོར (དགོན་འདི་ཉིད་ཐོག་མར་ཕྱག་བཏབ་པར་ངེས་འདུག) མགོན་པོ་འདི་ཉིད་ཀྱིས་བདག་པས་གཞན་གཅེས་བྱང་སེམས་ཉམས་ལེན་དུ་མཛད་ནས་རྫ་ཁྲོད་ཤར་ནུབ་ཀྱི་བོང་བུ་སེར་པོ་ཟེར་བ་བྱུང་། གནས་རྒོད་ཚང་འདི་ཉིད་དུ་བཞུགས་ནས་མི་ང། བྱ་ཁྱོད། བྲག་འདི་གསུམ་མིང་གཅིག་ཏུ་མ་བྱུང་བར། མི་སྒྲུབ་རེ་ཞེས་དམ་བཅས་ཏེ་བསྒྲུབས་པས། རྒོད་ཚང་པ་དང་། རྒོད་ཚང་ཕུག་ཞེས། མིང་ཐོགས་པ་ཐོག་མར་བྱུང་འདུག། གནས་འདིར། འཕྲིན་ལས་བཞི་དང་གྲུབ་པ་བརྒྱད་སོགས་ཐུན་མོང་དང་། མཆོག་གི་དངོས་གྲུབ་མ་ལུས་པ་ཐོབ། རྒོད་ཚང་པས། རང་བྱུང་གི་ཕུག་པ་འདིར་རྡོག་པ་བརྒྱབ་ཚད་ངན་སོང་དུ་སོང་ན་ང་མགོན་པོ་རྡོ་རྗེ་མི་མིན་གསུངས་ཤིང་། ཤྲཱིའི་གནས་དང་རྒོད་ཚང་གནས་མཇལ་བསྐོར་བྱེད་ཚད་ངན་སོང་དུ་མི་འགྲོ་བར་ཞལ་གྱིས་བཞེས་པའི་གནས་རྒྱལ་གྱི་ཤྲཱི་ཞེས་པ་འདི་ནི། བྱང་ཕྱོགས་དཔལ་གྱི་རིར་བཤད་པ་དང་། གནས་འདི་ནི་རྒྱ་གར་གྱི་གྲུབ་ཆེན་བརྒྱད་ཅུ་དང་། སློབ་དཔོན་པདྨ། ཕ་དམ་པ། ཇོ་བོ་རྗེ་ཨ་ཏི་ཤ། རྗེ་བཙུན་མི་ལ། རྒོད་ཚང་པ། ཡང་དགོན་པ། ལོ་ཙཱ་བ་རྡོ་རྗེ་གྲགས། གྲུབ་ཐོབ་ཨོ་རྒྱན་པ། གྲུབ་ཐོབ་ཐང་སྟོང་པ། འཇའ་ལུས་རྡོ་རྗེའི་སྐུ་བརྙེས་པ་བུ་ཆེན་བཞི། ཀུན་མཁྱེན་བྱང་ཆུབ་ཆོས་འཕེལ། སྤྱིལ་དཀར་བ། ནེ་རིངས་པ། བསམ་གླིང་ཆོས་རྗེ། བོད་མཁས་པ། མཁས་དབང་སངས་རྒྱས་རྡོ་རྗེ། བྱ་བཏང་འཇམ་དཔལ་དབྱངས་སྐྱབས་མགོན་བློ་གྲོས། ཞབས་དཀར་ཚོགས་དྲུག་རང་གྲོལ། གྲུབ་དབང་ཤཱཀྱ་ཤྲཱི། བཀའ་བཞི་པ་ནམ་མཁའ་འོད་ཟེར། ལྕི་ལུང་པ་རས་ཆེན་གཞོན་ནུ་དཔལ། རེད་མདའ་བ་གཞོན་ནུ་བློ་གྲོས། དཔང་ལོ་བློ་གྲོས་བསྟན་པ། ལོ་ཆེན་བྱང་ཆུབ་རྩེ་མོ། ལོ་ཆེན་གྲགས་པ་རྒྱལ་མཚན། རྗེ་ཙོང་ཁ་པ་ཆེན་པོ། རྗེ་དགེ་འདུན་གྲུབ་པ། རྗེ་བཙུན་འཇིགས་བྲལ་ཆེན་པོ། ལ་དྭགས་པདྨ་ཆོས་རྒྱལ་སོགས་འཕགས་བོད་ཀྱི་གྲུབ་ཆེན་རྣམས་ཀྱིས་དངོས་སུ་ཞབས་བཅགས་ཤིང་བྱིན་གྱིས་བརླབས་པའི་སྒྲུབ་གནས་ཤིག་ཡིན་འདུག། ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གི་བཙན་གནོན་འོག་དགོན་པ་སྤྱི་མཚུངས་བཞིན་ཞིག་རལ་དུ་གྱུར། སླར་ཡང་ཕྱི་ལོ་ ༡༩༩༧ ལོར་ཉམས་གསོ་ཞུས་ནས། ཕུ་ཆེན་བསོད་ནམས་ཕུན་ཚོགས་ནས་ཐུགས་འགན་བཞེས་ཏེ་དེང་དུས་འདུ་ཁང་ཀ་བ་བཞི། གཟིམ་ཆུང་ཀ་བ་གཅིག འོག་ཏུ་སྒྲུབ་ཕུག དེ་མིན་ཁང་ཆུང་གཉིས་དང་། རུང་ཁང་གཅིག སྐུ་གཉེར་ཁང་གཅིག་བཅས་བསྡོམས་ཁང་མིག་བདུན་ལ། རྒྱ་ཁྱོན་རྨིད་ངོས་སྙོམས་གྲུ་བཞི་མ་ ༢༠༠ ལྷག་ཙམ་ལེགས་གྲུབ་ཟིན་ཡོད་པ་བཅས་སོ། །

{{#arraymap:དིང་རི་རྒོད་ཚང་བྲག་དགོན་

|; |@@@ | | }}