29115
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | དགོན་པ་འདི་ནི་བོད་དབུས་སྟོད་དིང་རིའི་ཤར་ཕྱོགས་སུ། དྲང་སྲོང་གྲོང་པའི་ཁོངས་སུ་ཆགས་ཡོད། ཐོག་མར་འབྲུག་གསང་སྔགས་ཆོས་གླིང་དགོན་གྱི་སྐུ་ཞབས་རིག་འཛིན་ཆོས་དབང་ལགས་སྟོད་གངས་རིན་པོ་ཆེ་སོགས་ལ་གནས་སྐོར་དུ་ཕེབས། རྗེས་སུ་ཡུལ་ལུང་འདིར་གཏན་བཞུགས་གནང་སྟེ་ཕྱག་བཏབ་པའི་འབྲུག་པ་བཀའ་བརྒྱུད་པའི་བཙུན་དགོན་ཞིག་ཡིན། ཁོང་དགོན་སྡེ་འདི་ཉིད་ཕྱག་བཏབ་རྗེས་བཙུན་མ་འགའ་གསོ་སྐྱོང་མཛད་དེ་ཡུན་རིང་བཞུགས། དེ་རྗེས་སྐུ་ཞབས་ཨོ་རྒྱན་ལགས་ནས་གདན་ས་བསྐྱངས། དེ་རྗེས་ཨོ་རྒྱན་ལགས་ཀྱི་སྲས་ཀུན་བཟང་ལགས་ནས་གདན་ས་རྒྱ་སྐྱེད་མཛད་དེ་བཙུན་མ་གྲངས་བཞི་བཅུ་རྩ་གྲངས་འདུས་ཏེ་འབྲུག་ལུགས་བླ་མ་མཆོད་པའི་ཆོ་ག་དང་། མགོན་པོ་མི་འཁྲུགས་པའི་ཆོ་ག དཀོན་སྤྱིའི་ཚོགས་མཆོད། སྒྲོལ་མའི་མཎྜལ་བཞི་ཆོག་སོགས་དང་། ཕྱག་ཆེན་གྱི་ཉམས་ལེན་ཡང་མཛད་དེ་དགོན་འདི་ཉིད་ཀྱང་གྲ་རྒྱས་ཕུན་སུམ་ཚོགས་པ་བྱུང་ཡོད། རྒྱ་དམར་གྱི་ཉམས་ཉེས་དགོན་སྡེ་གཞན་དང་མཚུངས། ཀུན་བཟང་ལགས་ཀྱི་སྲས་ཟླ་བ་ལགས་གདན་ས་འཛིན་ཁོམ་མ་བྱུང་བར་དུས་འགྱུར་གྱི་རྐྱེན་གྱིས། འཕགས་ཡུལ་དུ་བྲོས་བྱོལ་ལ་ཕེབས་དགོས་བྱུང་། སླར་ཡང་བོད་ཁུལ་དུ་ཆོས་དད་སྲིད་ཇུས་དར་བའི་སྐབས་རིམ་བཞིན་དེ་སྔོན་དགོན་དེ་གའི་བཙུན་རྒན་མ་དབྱངས་ཅན་ལགས་ཀྱིས་སྐུ་ངལ་ཚད་མེད་འོག ཁོང་གི་སྐུ་མཆེད་ཚོས་མཐུན་རྐྱེན་གང་ལེགས་སྦྱར་ཏེ་ཕྱི་ལོ་ ༡༩༨༦ ལོར་མགོ་བརྩམས་ཏེ་སྐྱར་གསོ་གནང་། ཁུལ་དེ་ནས་བཙུན་མ་ཁག་བསྡུ་རུབ་མཛད་དེ། དེང་རས་ཆུང་དཀར་བརྒྱུད་ཀྱི་ལུགས་སུ་བཞུགས། ཕྱི་ལོ་ ༡༩༩༧ ལོར་བཙུན་མ་རྣམས་སྐྱབས་རྗེ་སེང་བྲག་རིན་པོ་ཆེའི་དྲུང་ནས་འབྲུག་པ་བཀའ་བརྒྱུད་པའི་དབང་ལུང་ཁྲིད་གསུམ་ཞུས་པ་ནས་བཟུང་ཕྱག་རྒྱ་ཆེན་པོ་ལ་ཉམས་ལེན་གཙོ་བོར་མཛད། དུས་ཆེན་ཁག་ལ་བླ་མ་མཆོད་པ་དང་། འོད་དཔག་མེད་པའི་ཆོ་ག་སོགས་གང་རུང་གི་སྒྲུབ་མཆོད། སྐབས་རེ་དད་སྦྱིན་ཁག་གི་རིམ་གྲོ་མཛད་རྒྱུ་དང་ཞོར་དུ་གཙང་བསམ་ཆོས་རིན་པོ་ཆེའི་དྲུང་ནས་ཕྱག་ཆེན་སྔོན་འགྲོའི་བཀའ་ཆོས་ཀྱང་ཞུ་བཞིན་ཡོད། དེང་སྐབས་བཙུན་མ་བཅོ་ལྔ་ཙམ་འཚོགས་ཏེ་འབྲུག་ལུགས་སུ་རེས་མོས་ཀྱིས་བཙུན་མ་ལྔ་དྲུག་མ་ཆགས་པར་སྐུ་མཚམས་ལ་བཞུགས་ཀྱི་ཡོད་འདུག |
{{#arraymap:དིང་རི་རྫོང་ཕུག་དགོན་
|; |@@@ | | }}