29116

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དིང་རི་ལྷ་གདོང་དགོན་ (1)
Part of speech མིང་ཚིག
Definition དིང་རི་ལྷ་གདོང་དགོན་འདི་ནི་དིང་རི་རྫོང་ཁ་དམར་གྲོང་ལྷན་ཁོངས་སུ་ཆགས་པའི་ལྷ་གདོང་དགོན་འདི་ཉིད་ནི། ཆོས་རྗེ་ཡང་དགོན་པ་ཆེན་པོའི་ཡབ་ལྷ་གདོང་པ་ཆེན་པོས་ཕྱག་བཏབ་པ་ནས་བཟུང་ད་བར་ལོ་ངོ་བརྒྱད་བརྒྱ་ལྷག་གི་ལོ་རྒྱུས་ལྡན་ཡོད། ཡབ་ལྷ་གདོང་པ་ཆེན་པོ་ཇོ་བསམ་མཆོག་ས་རྟ་ལོའི་ཚེས་བཅུ་གཅིག་དགུང་ལོ་བདུན་ཅུ་རྩ་ལྔ་ལ་སྐུ་གཤེགས། དེ་ནས་རིམ་བཞིན་རྒྱལ་བ་ཡང་དགོན་པ་ཆེན་པོ། སྤྱན་སྔ་བ་རིན་ཆེན་བཟང་པོ། བྱང་ཆུབ་བཟང་པོ་སོགས་ཕེབས། ཕྱིས་སུ་དགོན་འདི་ཉིད་ཆོས་ལུགས་བོ་དོང་དུ་བསྒྱུར། སེང་བྲག་སྐུ་ཕྲེང་བཞི་པ་འཇམ་དཔལ་ཚུལ་ཁྲིམས་མཆོག་ནས་སླར་ཡང་འབྲུག་པ་བཀའ་བརྒྱུད་པའི་ལུགས་སུ་བསྒྱུར་པ་དང་། ཆོ་ག་ཕྱག་ལེན་ཡང་བདེ་ཆེན་ཆོས་འཁོར་གྱི་ལུགས་སུ་མཛད་པས། ལྷ་གདོང་དགོན་དེར་བདེ་ཆོས་ལུགས་ཀྱི་ཆོ་ག་དར་སོ་ཆེན་པོ་བྱུང་བར་གྲགས། སྐུ་གསུང་ཐུགས་རྟེན་གྱི་སྐོར། དགོན་པའི་ནང་རྟེན་གཙོ་བོར་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་འདྲ་བྱིན་ལྡན་མ་དང་། རྒྱལ་བ་ཡང་དགོན་པའི་སྐུ་འདྲ་གསུང་བྱོན་མ། ཡང་དགོན་པའི་ཡུམ་གྱི་སྐུ་འདྲ་ཁྱད་འཕགས་སོགས་མང་། དགོན་པའི་རྟེན་གཙོ་རྒྱལ་བ་ཡང་དགོན་པའི་སྐུ་འདྲ་ད་ལྟ་ཡང་དུས་རྐྱེན་གྱིས་མ་འཇིག་པར་མཇལ་རྒྱུ་ཡོད། སྔོན་དུས་དགོན་འདིར་གྲྭ་བཙུན་བཅུ་གཅིག་ཙམ་ཡོད་འདུག རྒྱ་དམར་གྱི་ཉམས་ཉེས་འོག་དགོན་སྡེ་སྤྱི་མཚུངས་བཞིན་མིང་ལྷག་ཙམ་ལས་མེད་ཀྱང་། ཕྱི་ལོ་ ༡༩༨༣ ལོར་དགོན་འདིའི་གྲྭ་རྒན་པདྨ་ཚེ་དབང་ལགས་ཀྱི་གཙོ་འགན་འོག་སླར་ཡང་བསྐྱར་གསོ་ཞུས། ཁོང་གི་བུ་བཀྲ་ཤིས་ཀྱང་ཆོས་སར་བཞག་ནས་སློབ་མ་ཁག་གསོ་སྐྱོང་གནང་སྟེ་བདེ་ཆེན་ཆོས་འཁོར་དགོན་ལུགས་ལྟར་ཆོ་ག་ཕྱག་ལེན་ཁག་མ་ཉམས་གོང་སྤེལ་དང་ཉམས་པ་སླར་གསོ་མཛད། པདྨ་ཚེ་དབང་ལགས་དགོངས་པ་རྫོགས་པ་ནས་བཟུང་ཁོང་གི་བུ་བཀྲ་ཤིས་ཀྱིས་གདན་སའི་གཙོ་འགན་གནང་སྟེ། དེང་སྐབས་དགོན་བདག་བཀྲ་ཤིས་ལགས་ནས་གཙོ་བོའི་འགན་འཁུར་འོག་དགེ་འདུན་བཅུ་གྲྭ་ཙམ་གྱིས་འབྲུག་པ་བཀའ་བརྒྱུད་པའི་ལུགས་ལྟར་གདན་ས་སྐྱོང་བཞིན་པ་བཅས་སོ། །

{{#arraymap:དིང་རི་ལྷ་གདོང་དགོན་

|; |@@@ | | }}