From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
དུ་ (1)
| Part of speech
|
ཕྲད་ཚིག
|
| Definition
|
ལས་སུ་བྱ་བ་ལ་འཇུག་པ། ལ་དོན་གྱི་དུ་ཡིག་སྦྱར་བའི་གཞི་དེ་ལ། བྱ་བ་གཞན་ཞིག་བྱས་པའམ་བྱེད་བཞིན་པ་དང་། བྱེད་འགྱུར་གང་རུང་སྟོན་པ་ལ་འཇུག་པ་སྟེ། སྦྱོར་ཚུལ་ནི་རྗེས་འཇུག་ང་ད་ན་མ་ར་ལ་རྣམས་ཀྱི་མཐར་དུ་འཐོབ་པ་ཡིན།
|
| Keyword
|
True
|
| Example
|
ཁང་པ་རུ་རྩི་བྱུགས། ལྷ་ས་རུ་འགྲོ།
|
དུ་ (2)
| Part of speech
|
ཕྲད་ཚིག
|
| Definition
|
དགོས་ཆེད་ལ་འཇུག་པ། བྱེད་པ་པོ་ཅི་རིགས་ཤིག་གིས་རང་གི་དགོས་པའམ་བྱ་བའི་ཡུལ་གྱི་དགོས་པ་ཞིག་བསྒྲུབ་པའི་ཆེད་དུ་བྱ་བ་ཞིག་བྱེད་པར་སྟོན་པ་སྟེ། སྦྱོར་ཚུལ་ནི་རྗེས་འཇུག་ང་ད་ན་མ་ར་ལ་རྣམས་ཀྱི་མཐར་དུ་འཐོབ་པ་ཡིན།
|
| Keyword
|
True
|
| Example
|
ནད་དུ་སྨན་བསྟེན།
|
དུ་ (3)
| Part of speech
|
ཕྲད་ཚིག
|
| Definition
|
རྟེན་གནས་ལ་འཇུག་པ། དུ་ཡིག་སྦྱར་ཚེ་དངོས་པོ་གང་ཞིག་གང་དུ་ཡོད་པར་སྟོན་པར་བྱེད་པ་སྟེ། སྦྱོར་ཚུལ་ནི་རྗེས་འཇུག་ང་ད་ན་མ་ར་ལ་རྣམས་ཀྱི་མཐར་དུ་འཐོབ་པ་ཡིན།
|
| Keyword
|
True
|
| Example
|
བསྐྱེད་ཚལ་དུ་མེ་ཏོག་མང་ལྟ་བུ།
|
དུ་ (4)
| Part of speech
|
ཕྲད་ཚིག
|
| Definition
|
དེ་ཉིད་ལ་འཇུག་པ། ལ་དོན་གྱི་དུ་ཡིག་སྦྱར་ས་དེའི་ངོ་བོར་གྲུབ་པའམ་དེ་ཉིད་དུ་ངེས་པར་སྟོན་པ་དོན་གྱི་ཆ་ནས་ཡུལ་དང་བྱ་བ་སོ་སོར་ཕྱེད་དུ་མེད་པ་ཞིག་སྟོན་པ་སྟེ། སྦྱོར་ཚུལ་ནི་རྗེས་འཇུག་ང་ད་ན་མ་ར་ལ་རྣམས་ཀྱི་མཐར་དུ་འཐོབ་པ་ཡིན།
|
| Keyword
|
True
|
| Example
|
འོད་དུ་འཚེར་ལྟ་བུ།
|
དུ་ (5)
| Part of speech
|
ཕྲད་ཚིག
|
| Definition
|
ཚེ་སྐབས་ལ་འཇུག་པ། དུས་དང་སྐབས་སྟོན་པའི་མིང་མཐར་ལ་དོན་གྱི་དུ་སྒྲའི་ཕྲད་སྦྱར་ནས། བྱ་བ་གང་ཞིག་གམ་འགྱུར་ལྡོག་གང་ཞིག་དུས་སྐབས་ག་འདྲ་ཞིག་ལ་བྱེད་པའམ་འབྱུང་བ་སྟོན་པ་སྟེ། སྦྱོར་ཚུལ་ནི་རྗེས་འཇུག་ང་ད་ན་མ་ར་ལ་རྣམས་ཀྱི་མཐར་དུ་འཐོབ་པ་ཡིན།
|
| Example
|
རྒྱུན་དུ་ཁ་ཏོན་བྱེད་ལྟ་བུ།
|
དུ་ (6)
| Part of speech
|
ཕྲད་ཚིག
|
| Definition
|
གྲངས་ཅི་ཙམ་མམ་ག་ཚོད་ཅེས་པའི་དོན་སྟོན་བྱེད་དེ།
|
| Example
|
ཁྱོད་ལ་རོགས་པ་དུ་ཡོད། གནས་ཚུལ་འདི་ཧ་གོ་མཁན་མི་དུ་ཡོད་ལྟ་བུ།
|