From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཁ་དུག་ཅན་ (1)
| Part of speech
|
མིང་ཚིག
|
| Definition
|
དུག་གི་གཡའ་ཡོད་པའི་གྲི་སོགས་ལའང་ཁ་དུག་ཅན་ཟེར་པའི་སྐབས་ཡོད་དེ།
|
| Example
|
གྲི་ཁ་དུག་ཅན། མཚོན་ཁ་དུག་ཅན་ཕོག་ན་སོས་དཀའ་ལྟ་བུ།
|
ཁ་དུག་ཅན་ (2)
| Part of speech
|
མིང་ཚིག
|
| Definition
|
གཞན་ལ་སོ་བརྒྱབ་ཚེ་ནད་དང་ཟུག་ཆེན་པོ་སྐྱེད་མཁན་གྱི་རིགས་ལ་ཁ་དུག་ཅན་ཟེར།
|
| Example
|
ཁྱི་ཁ་དུག་ཅན་གྱིས་རྨུག་ན་ཉེན་ཁ་ཆེ་ལྟ་བུ།
|
ཁ་དུག་ཅན་ (3)
| Part of speech
|
མིང་ཚིག
|
| Definition
|
སྦྲུལ་གྱི་མིང་སྟེ། དེའི་མཆེ་བ་ལས་དུག་སྤྲོ་བའི་ཕྱིར་དེ་ལྟར་བཏགས།
|
| Type
|
མངོན་བརྗོད།
|
ཁ་དུག་ཅན་ (4)
| Part of speech
|
མིང་ཚིག
|
| Definition
|
དུག་སྦྲང་གི་མིང་སྟེ། དེས་སོ་བརྒྱབ་ཚེ་དུག་ཡོད་པས་དེ་ལྟར་བཏགས།
|