29167
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཁ་དོག་གི་ཆ་ནས་དུ་བ་ལྟ་བུ་དང་དབྱིབ་ཀྱི་ཆ་ནས་མཇུག་མ་ལྟ་བུ་ཡིན་པས་ན་དེ་སྐད་ཟེར། འཆར་དུས་ནི་ཟླ་བ་དོན་ལྔ་སྟེ། ལོ་དྲུག་དང་ཟླ་བ་ལྔའི་མཚམས་སུ་འཆར་ཞིང་། འཆར་ཡུན་ནི་ཟླ་བ་གསུམ་དང་། འཆར་ཕྱོགས་ནི་མིག་ངར་དུས་ཀྱི་ངེས་པ་ཡོད་པའི་འཆར་ཕྱོགས་གཉིས་ཏེ། ཐོ་རེངས་ཤར་ནས་འཆར་བ་དང་སྲོད་དུས་ནུབ་ནས་འཆར་ལ། དེ་ཡང་ཟླ་བ་དོན་ལྔའི་མཚམས་སུ་ཐོ་རེངས་ཤར་ནས་འཆར་ལ། སྐབས་དེར་ཉི་མའི་མདུན་ནས་འཆར་ཕྱིར་རིམ་པ་མདུན་འཆར་ཞེས་དང་། ཡང་ཟླ་བ་དོན་ལྔའི་མཚམས་སུ་སྲོད་ལ་ནུབ་ནས་འཆར་ཞིང་། སྐབས་དེར་ཉི་མའི་རྒྱབ་ནས་འཆར་ཕྱིར་རིམ་མིན་རྒྱབ་འཆར་ཞེས་ཟེར། ཉི་མ་དང་ཐུན་མོང་གི་རྟག་པའི་ལོངས་སྤྱོད་ནི། ༠/༤/༢༡/༥/༩ ཐུན་མོང་མ་ཡིན་པའི་རྟག་པའི་ལོངས་སྤྱོད་ནི། ༠/༡/༥༢/༣/༠ བཅས་ཡིན་ལ། ཟླ་ཕྱེད་རེའི་རྒྱུན་གྱི་ལོངས་སྤྱོད་ནི། སྐབས་དེའི་ཉི་མ་དག་པའི་ལོངས་སྤྱོད་ལ་མདའ་རིའི་ཐོབ་ལྷག་གིས་སྣོན་འཕྲི་དཀྱུས་ལྟར་བྱས་པས་སྒྲུབ་ལ། འགྲོས་ནི་བཞི་སྟེ། ཉི་མའི་རྐང་ལོངས་ལྟར་རིམ་པའི་སྔ་རྐང་སྐབས་སུ་མྱུར་འགྲོས་ཤར། རིམ་པའི་ཕྱི་རྐང་གི་སྐབས་སུ་དལ་འགྲོས་ལྷོ། རིམ་མིན་སྔ་རྐང་ཟིན་སྐབས་སུ་འཁྱོག་འགྲོས་ནུབ། རིམ་མིན་ཕྱི་རྐང་ཟིན་ཚེ་འབྱུང་འགྲོས་བྱང། ཉིན་བྱེད་སྣང་བ་ལས། དུ་བ་མཇུག་རིང་རྒྱུ་བ་ཡི། །རྟག་པའི་ལོངས་སྤྱོད་ཉི་མ་དང་། །མཚུངས་ཀྱང་འགྲོས་བཞི་རྩོམ་པ་ཡི། །རྐང་པའི་ཁྱད་ཀྱིས་འཆར་བ་སྟེ། །རིམ་པ་བདུན་དང་རིམ་མིན་ལ། །ཉི་མའི་རྒྱབ་ཏུ་མཐོང་བར་འགྱུར། །ཞེས་བྱུང་། |
Domain | རྩིས་རིག |
{{#arraymap:དུ་བ་མཇུག་རིང་
|; |@@@ | | }}