29213

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་ (1)
Part of speech མིང་ཚིག
Definition དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་ཕྱི་རྒོལ་གྱི་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་ཤེས་འདོད་ཞུགས་པའི་གཞི་གཙོ་བོར་གྱུར་པ་ཞིག་ལ་ཟེར། འདི་ལ་མེ་ཉིད་དངོས་ཀྱི་བསྒྲུབ་བྱའི་ཆོས་ཡིན་པར་འདོད་པ་རྗེ་བཙུན་རང་ལུགས་དང་། མེ་ཡོད་པ་དང་མེ་གཉིས་ཀ་དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་འདོད་པ་ལུགས་འདིར་གཞན་ལུགས་སུ་འདོད་པ་ཡིན་ཏེ། མེ་དང་མེ་ཡོད་པ་གཉིས་ཀ་དུ་བའི་རྟགས་ཀྱིས་དུ་ལྡན་ལ་མེ་ཡོད་པར་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་ཡིན་ན། དུ་བ་དུ་ལྡན་ལ་ལ་མེ་ཡོད་པ་མ་ཡིན་པ་ལས་ལོག་པར་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་ལའང་མེ་ཡོད་པ་དང་དེ་མ་ཡིན་པ་ལས་ལོག་པ་གཉིས་ཀ་བཞག་དགོས་པར་འགྱུར་བས། སྒྲུབ་རྟགས་དང་དགག་རྟགས་ཀྱི་གཞི་མཐུན་དུ་ཐལ་བ་དང། དུ་བའི་རྟགས་ཀྱིས་དུ་ལྡན་ལ་ལ་ཚ་ཞིང་བསྲེག་པ་ཡོད་པར་སྒྲུབ་པའི་ཚེ་ཚ་ཞིང་བསྲེག་པ་དང་དེ་ཡོད་པ་གཉིས་ཀ་དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་འགྱུར་བས། རྟགས་དེ་དེ་སྒྲུབ་ཀྱི་དོན་དང་ཐ་སྙད་གཉིས་ཀ་སྒྲུབ་ཀྱི་རྟགས་ཡང་དག་ཏུ་ཐལ་བ་སོགས་ཡོད་དོ། །ཞེས་གསུངས་པ་ཡིན་ཏེ། དགའ་བྱང་ཡིག་ཆ་རྗེ་བཙུན་རྣམ་འགྲེལ་ལས། དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་གཟུང་བྱ་ཡིན་ན། དུ་བའི་རྒྱུ་ཡིན་དགོས་ཏེ། ཞེས་དང། ཁ་ཅིག མེ་ཡོད་པ་དེ་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་ཡིན། མེ་དེ་ཡང་དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་ཡིན་ཟེར་བ་མི་འཐད་དེ། དེ་ལྟར་ན་དུ་བ་དུ་ལྡན་ལ་ལ་མེ་ཡོད་པ་མ་ཡིན་པ་ལས་ལོག་པར་སྒྲུབ་པའི་དགག་རྟགས་ཡང་དག་དང་སྒྲུབ་རྟགས་ཀྱི་གཞི་མཐུན་དུ་ཐལ་བ་དང། དུ་བ་དུ་ལྡན་ལ་ལ་ཚ་ཞིང་བསྲེག་པ་ཡོད་པར་སྒྲུབ་པའི་དོན་སྒྲུབ་ཀྱི་རྟགས་ཡང་དག་དང། དེ་སྒྲུབ་ཀྱི་ཐ་སྙད་སྒྲུབ་པའི་རྟགས་ཡང་དག་གི་གཞི་མཐུན་དུ་ཐལ་བ་དང་། དུ་བ་དུ་ལྡན་ལ་ལ་མེ་ཚད་མས་དམིགས་པར་སྒྲུབ་པའི་དོན་སྒྲུབ་ཀྱི་རྟགས་ཡང་དག་དང། དེ་སྒྲུབ་ཀྱི་ཐ་སྙད་སྒྲུབ་པའི་རྟགས་ཡང་དག་གཉིས་ཀར་ཐལ་བའི་སྐྱོན་ཡོད་པའི་ཕྱིར། ཞེས་གསུངས་པའི་ཕྱིར།
Domain ཚད་མ།

{{#arraymap:དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་

|; |@@@ | | }}