29298

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དུག་སྨན་ (1)
Part of speech མིང་ཚིག
Definition དུག་ནད་རིགས་སེལ་བྱེད་ཀྱི་སྨན།
Example དུག་ནད་སེལ་བྱེད་ལ་དུག་སྨན་སྟེན།
དུག་སྨན་ (2)
Part of speech མིང་ཚིག
Definition དུག་རིགས་ལས་སྦྱར་བའི་སྨན།
Example དུག་སྨན་བསྟེན་ནས་ནད་དྲག
དུག་སྨན་ (3)
Part of speech མིང་ཚིག
Definition བཙན་དུག་གམ་བོང་ང་ནག་པོ་སྟེ། ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བའི་ཕྱི་པགས་དུད་མདོག་ལ་ཆེ་ཆུང་མཐེ་བོང་ཙམ་ཡོད་པའམ་རེ་འགའ་དེ་ལས་ཆེ་བའང་ཡོད་ཅིང༌། ནང་དཀར་སེར་ནག་ཤས་ཅན་གྱི་སྟོད་ཆ་སྦོམ་པ་ནས་རིམ་བཞིན་ཕྲ་རུ་སོང་བ་དང་རྩ་བ་གསར་རྙིང་མགོ་སྦྲེལ་ནས་ཡོད་པ། ལོ་མ་སྔོ་ལྗང་སྣུམ་ལ་འཇམ་ཞིང་སྒོར་བར་རྒྱབ་ལྗང་སྐྱ་སྦར་དབྱིབས་ལྟ་བུའི་ཉག་ཆེན་ཡོད་ཅིང༌། ཉག་ག་རེ་རེའི་མཐར་ཉག་ཅུང་སོག་ལེའི་སོ་འདྲ་བ་སྐྱེས་ཤིང་ངར་པ་རིང་བ་ཁ་ཤས་གཞི་རྩ་ནས་མཉམ་དུ་སྐྱེ་བ། སྡོང་པོ་སྔོན་པོ་ཅུང་སྦོམ་ལ་རིང་ཞིང་འདྲོང་བ་སྤྱིར་བཏང་ཆིག་སྐྱེས་ཡལ་ག་མེད་པ་གཞི་རྩའི་མེ་ཏོག་གི་ཁ་དོག་ལ་སྔོ་ཤས་དང༌། སེར་ཤས། དཀར་ཤས། ནག་ཤས་བཅས་ལ་དབྱིབས་པུ་ཤུད་ཀྱི་མགོའམ་བྱ་མགོ་འདྲ་བ་སྡོང་པོའི་རྩེར་བརྩེགས་པའི་མེ་ཏོག་བང་རིམ་དུ་འཆར་ཞིང༌། སྐམ་ཚགས་འབྲས་བུ་ཟུར་ཡོད་པའི་ནང་འབྲུ་སེར་ནག་ཆུང་ལ་ཞིབ་པ་མང་པོ་ཡོད་པ་སྟེ། བོད་ཀྱི་ས་གནས་ཕལ་ཆེ་བའི་རི་ལྡེབས་དང༌། ཆུ་འགྲམ། རི་ཐང་མཚམས་སོགས་སུ་སྐྱེ་བ་མང་བ། ལོ་མ་བོད་ཟླ་ལྔ་པའི་ནང་བཏུས་ཏེ་གཙང་མ་བཟོས་རྗེས་སྔོ་ཆོལ་རྨ་ཕབ་ཐོག་བསིལ་སར་བསྐམས་ནས་སྨན་དུ་སྤྱོད་རྒྱུ་དང༌། རྩ་བ་བོད་ཟླ་བརྒྱད་པ་སྟེ་ནུས་པ་གཏིང་འགྲོའི་སྐབས་བཏུས་ཏེ་གཙང་མ་བཀྲུས་རྗེས་སྨན་གཞན་དང་མ་འདྲེས་པར་བསྐམས་ནས་སྤྱོད་རྒྱུ། རོ་མངར་ལ་ཅུང་ཁ་བ། ཞུ་རྗེས་མངར་བ། ནུས་པ་དྲོ་བས་དྲེག་གྲུམ་ནད་ཀྱིས་རུས་ཚིགས་སྐྲངས་ནས་ཟུག་གཟེར་གཏོང་བ་དང༌། གཉན་རིགས་ཀྱིས་སྐྲངས་པ་དང་གཟེར་ཟུག་གི་རིགས། ཆུ་སེར་གྱི་ནད་རིགས། རྒྱུ་སྲིན་སོགས་སྲིན་ནད་ཀྱི་རིགས། སྙིང་རླུང་གི་ནད། མཛེ་ནད་སོགས་ལ་ཕན་པ་ཡིན། འདི་དུག་ཤས་ཆེ་བས་སྨན་དུ་གཏོང་སྐབས་སྦྱོར་སྡེབ་བྱས་ནས་གཏོང་བ་ལས་རྐྱང་པ་གཏོང་མི་རུང་བ་ཤིན་ཏུ་གནད་ཆེ་བའོ། །
Domain གསོ་རིག