29299

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དུག་སྲུང་ཡིད་བཞིན་ནོར་བུ་ (1)
Part of speech མིང་ཚིག
Definition རྙིང་མ། བླ་མ་དྲག་པོའི་སྐོར་ལས། དུག་སྲུང་ཡིད་བཞིན་ནོར་བུ། ཞེས་བྱ་བ་སྟེ། གཏེར་གཞུང་ལས། བདག་འདྲ་བུད་མེད་མཚོ་རྒྱལ་གྱིས༔ མ་འོངས་འགྲོ་བའི་དོན་ཆེད་དུ༔ མན་ངག་ལས་ཚོགས་དཔག་མེད་སྦས༔ སྙིགས་མའི་འགྲོ་ལ་ཕན་གྱུར་ཅིག༔ ཅེས་གསལ། གཏེར་ཆེན་རཏྣ་གླིང་པས་མཁར་ཆུ་ཕུག་རིང་ནས་གདན་དྲངས། འདིའི་ནང་དོན་ལ། དུས་ཀྱི་སྙིགས་མ་ལ་བཙན་དུག་གིས་འཆི་བ་འབྱུང་བས། དེ་དག་ཞི་བར་བྱེད་པའི་མན་ངག་ཟབ་མོ་བསྟན།
དུག་སྲུང་ཡིད་བཞིན་ནོར་བུ་ (2)
Part of speech མིང་ཚིག
Definition རྙིང་མ། དུག་སྲུང་ཡིད་བཞིན་ནོར་བུ། ཞེས་བྱ་བ་སྟེ། གཏེར་གཞུང་ལས། ཤིན་ཏུ་ཟབ་པ་སྙིང་གི་ཡང་ཞུན་འདི༔ སྡིག་ཅན་ལག་ཏུ་ཤོར་སྲིད་པས༔ སྙིང་གི་བུ་ལ་གཅིག་རྒྱུད་དུ་གཏད་པར་བྱ༔ གསེར་སྲང་རེའི་ཡོན་མེད་པར་མི་ལ་མི་སྦྱིན་པ་ནི་བཀའ་རྒྱའོ༔ ༔ཤིན་ཏུ་ཟབ་ཕྱིར་གསང་གཏེར་དུ་སྦས༔ ལས་ཅན་ཐུགས་ཀྱི་སྲས་དང་འཕྲད་པར་ཤོག༔ ཅེས་པ་ལྟར། གཏེར་ཆེན་རཏྣ་གླིང་པས་གནམ་སྐས་བྲག་ནས་གདན་དྲངས། འདིའི་ནང་དོན་ལ། དབྱིག་དུག་དང་། སྦྱར་དུག བཙན་དུག་ལ་སོགས་པའི་དུག་རིགས་ཀྱི་གནོད་པ་འཇོམས་པའི་ཐབས་བསྟན།