From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
དུགས་ཁང་ (1)
| Part of speech
|
མིང་ཚིག
|
| Definition
|
ལུང་ཞུ་བ་ལས། དུགས་ཁང་ལ་ཡོན་ཏན་རྣམ་པ་ལྔ་སྟེ། རྡུལ་དང་དྲི་མ་འབྱང་། པགས་པ་དང་མདངས་གསལ། པགས་པ་ལ་ནད་ཡོད་པ་རྣམས་འབྱིན། རླུང་དང་བད་ཀན་རྣམས་མེད་པར་བྱེད། དུགས་ཁང་ནི་ནད་མེད་པར་བྱེད་པའོ། །ཞེས་ཁྲུས་ཁང་གི་མིང་དུ་གསུངས།
|
| Example
|
ལུང་ཞུ་བ་ལས། དུགས་ཁང་དུ་ཁྲུས་བྱེད་པ་ཞིག་ཏུ་གྱུར་ན་ནང་པར་སྔར་ལངས་ནས་མཁན་པོ་དེང་དུགས་ཁང་དུ་ཁྲུས་མཛད་ཀྱིས་ཆར་གསོལ་ཞེས་བསྒོ་བར་བྱ་ཞེས་གསུངས་པ་ལྟ་བུ།
|
| Type
|
བརྡ་རྙིང་།
|
དུགས་ཁང་ (2)
| Part of speech
|
མིང་ཚིག
|
| Definition
|
བསྟན་དར་ལྷ་རམ་པས་བསྲོ་ཁང༌གི་དོན་དུ་བཤད།
|