29308

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དུང་ (1)
Part of speech མིང་ཚིག
Definition རྒྱ་མཚོར་གནས་པའི་རུས་པ་ལུས་ཀྱི་ཕྱིར་ཆགས་པའི་སྲོག་ཆགས་དུང་གི་རུས་སྐོགས་ལས་འབྱུང་བ་ཞིག་སྟེ། ཕལ་ཆེར་རྒྱུ་སྲ་མཁྲེགས་ཁ་དོག་དཀར་པོ་རུས་པའི་རང་བཞིན་ཅན་བཅད་ཁ་བརྡར་འོས་ལ་འཁོར་འོད་ཡོད་པ། བརྡར་ཕྱེ་དཀར་པོ་འབྱུང་བ་དང་བསྲེགས་ན་དྲི་མེད་ཅིང་དུད་པ་མི་འབྱུང་བ་ནི་དུང་གི་ཁྱད་ཆོས་ཡིན་པར་གྲག དེ་ཡང་བཟོ་དབྱིབས་སོགས་མི་འདྲ་བས་མཆོག་དམན་གྱི་དབྱེ་བ་ནི། དཀྵི་ཎ་ཝརྟ་ཤཾ་ཁ་ཞེས་པ་དུང་གཡས་སུ་འཁྱིལ་བ་སྟེ་འདི་སྐྱེ་བ་གཞན་གྱིས་བར་མ་ཆོད་པའི་དུང་སྐྱེ་བ་ལྔ་པ་ཡིན་པར་བཤད། ཁ་དོག་ཀུནད་ལྟར་རབ་ཏུ་དཀར་བ་འབྱུང་བ་བཀྲ་ཤིས་པའི་རྫས་སོ། །དུང་མཇུག་འབུད་ཁའི་ཕྱོགས་ཕྲ་ལ་རིང་བ། ཁ་དོག་གཟི་སེར་ཁྲ་འདྲ་བར་ཁྲ་བ་འདི་གཟི་དུང་ཡིན་ལ་དེ་གཉིས་བཟང་བས་སྔ་མ་མཆོག་དང་ཕྱི་མ་རབ་ཡིན། གཞན་སི་ཏ་ཤཾ་ཁའམ། ཤཾ་ཁ་ཝརྟ་ཞེས་པ་དུང་དཀར་རམ་དུང་འཁྱིལ་བ་སྟེ། ཡོངས་གྲགས་དུང་དཀར་འདི་འབྲིང༌། ཀཎྜ་ཤཾ་ཁ་ཞེས་པ་དུང་ཚེར་མ་ཅན་ནམ་དུང་རྭ་ཅན་ཟེར་ཏེ། དུང་གི་ཕྱི་ལ་གཟུགས་མོ་བྱི་ཐུར་འདྲ་བའི་དུང་གི་ཚེར་མས་ཁྱབ་པ་ཞིག་འབྱུང་བ་དང༌། རཀྟ་ཤཾ་ཁ་ཞེས་པ་དུང་དམར་ཏེ། སིན་དྷུ་རའི་མདོག་འདྲ་བ་ཞིག་འབྱུང་ཞེས་པ་རྣམས་རིམ་པས་དམན་པའོ། །འདི་རུས་ཚད་སྐབས་མ་གཏོགས་སོལ་མེར་དཀར་སངས་ཚོས་པར་བསྲེགས་དགོས། རོ་ཚ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་ལ་རྣོ་བའོ། །ངོ་བོའི་ནུས་པས་རྣག་དང་ཆུ་སེར་སྐྲན་ལ་སོགས་པ་རྣམས་སྐེམ་ཞིང་འབྱིན་པར་བྱེད་ལ། རུས་པར་ཚ་བ་ཞུགས་པའི་ནད་ལ་སོགས་པ་སེལ་བར་བྱེད་དོ། །
Keyword True
Synonyms ཤཾ་ཀ ཁབ་ཀྱི་ཁ། ཆུ་སྐྱེས། ཆུ་སྲིན་གཤེད།
དུང་ (2)
Part of speech མིང་ཚིག
Definition འབུད་རྒྱུའི་རིགས་ཀྱི་རོལ་ཆ་ཞིག་སྟེ།
Keyword True
Example དམག་དུང་། ཟངས་དུང་། དུང་ཆེན། གཡག་དུང་། རྭ་དུང་ཞེས་པ་ལྟ་བུ།
དུང་ (1)
Part of speech བྱ་ཚིག
Definition ཡིད་ཧ་ཅང་ཞེན་པའམ་སྨར་བའི་དོན་ཏེ།
Keyword True
Transitive བྱ་བྱེད་ཐ་མི་དད་པ།
Future [དུང་།, བལྟ་རྒྱུ་མང་ན་དུང་ཡོང་།]
Present [དུང་།, ང་ལ་དུང་མཁན་ཁྱེད་ཡིན།]
Past [དུངས།, ཡིད་དུངས་ནས་འབྲལ་མ་ཐུབ་ལྟ་བུ།]
དུང་ (2)
Part of speech བྱ་ཚིག
Definition གཉིད་སད་པའི་དོན་དུ་བཤད་པ་ཡང་ཡོད།