29313
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | འཕགས་ཡུལ་གྱི་སྨན་པ་བི་བྱི་དགའ་བྱེད་དང༌། ལྷ་ཐོ་རི་སྙན་བཙན་གྱི་སྲས་མོ་ལྷ་ལྕམ་ཡིད་ཀྱི་རོལ་ཆ་གཉིས་ཀྱི་སྲས་སུ་ཕྱི་ལོའི་དུས་རབས་གསུམ་པར་སྐུ་འཁྲུངས། ཆུང་ངུའི་དུས་ནས་རང་གི་ཡབ་ལས་རེག་པ་རྩའི་མདོ། འཚོ་བ་ཟས་ཀྱི་མདོ། སྦྱོར་བ་སྨན་གྱི་མདོ། གཏར་བསྲེག་དཔྱད་ཀྱི་མདོ། རྨ་ཆས་བཟོ་ཡི་མདོ་བཅས་དང༌། དེ་དག་གི་འགྲེལ་བཤད་ཁོག་འབུབས། ས་བཅད། ལག་ལེན་སོགས་གསན་ཏེ་མཁས་པར་གྱུར། རྒྱལ་པོ་ལྷ་ཐོ་རི་སྙན་བཙན་དང༌། དེའི་སྲས་ཁྲི་སྙན་གཟུངས་བཙན་གཉིས་ཀྱི་བླ་སྨན་པ་མཛད། འདི་ཉིད་ནི་བོད་ཡུལ་གྱི་སྨན་པ་ཀུན་གྱི་ཕྱི་མོ་ཡིན་པ་དང༌། གཡུ་ཐོག་ཡོན་ཏན་མགོན་པོ་ཡང་གདུང་རུས་འདི་ལས་འཕྲོས་པར་གྲགས། དུང་གི་ཐོར་ཅོག་གི་སྲས་བློ་གྲོས་ཆེན་པོ། དེའི་སྲས་བློ་གྲོས་མཚུངས་མེད། དེའི་སྲས་བློ་གྲོས་རབ་གསལ། དེའི་སྲས་བློ་གྲོས་རྒྱལ་མཛོད། དེའི་སྲས་བློ་གྲོས་བཤེས་གཉེན་བཅས་བྱུང་བས་དེ་རྣམས་ཀྱིས་རིམ་བཞིན་བཙན་པོ་འབྲོང་གཉན་ལྡེ་རུ་དང༌། སྟག་རི་གཉན་གཟིགས། གནམ་རི་སྲོང་བཙན། སྲོང་བཙན་སྒམ་པོ་རྣམས་ཀྱི་བླ་སྨན་པ་མཛད། འོན་ཀྱང་སྐབས་དེ་དག་ལ་བོད་ལ་ཡི་གེ་མེད་སྟབས་དར་རྒྱས་ཆེར་མ་ཕྱིན་པར་གྲགས། |
{{#arraymap:དུང་གི་ཐོར་ཅོག་
|; |@@@ | | }}