29315

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དུང་གི་སོ་མང་ (1)
Part of speech མིང་ཚིག
Definition བོན། སྔགས། སྤྱོད་རྒྱུད། མདོ་གཡུང་དྲུང་ཀློང་རྒྱས་ཀྱི་ཆོ་ག་ལས་དབང་པོ་སྒོ་བསལ་གྱི་རྫས་ཞིག་སྟེ། བཟོ་དབྱིབས་ནི་དུང་གིས་བཟོས་པའི་སོ་མང་ཅན་ཏེ། ཡུ་བ་གསེར་དངུལ་ཟངས་སོགས་བྱེད་ཅིང་། དེ་ལའང་པད་འདབ་དབྱིབས་དང་ཤིང་ལོའི་རི་མོ་སོགས་གསལ་བའོ། །མཚོན་དོན་ནི་སོ་མང་གིས་སྐྲ་སོགས་འཕྱིང་བ་རྣམས་བསལ་བ་དང་འཁྲོལ་བར་བྱེད་པར་ལྟར། བདེར་གཤེགས་དབུ་སྐྲ་བཤད་པར་བྱེད་པས་གདུལ་བྱ་རྣམས་ཀྱི་སྒྲིབ་པ་རགས་པའམ་ཀུན་བཏགས་སོགས་འགོ་གནོན་པ་དང་ཉམས་རྟོགས་འཕེལ་བའི་བརྡ་མཚོན་ཏེ། གཡུང་དྲུང་ཀློང་རྒྱས་ཀྱི་འགྲེལ་བ་ནམ་མཁའ་ནོར་བུ་ལས། སྒྲིབ་པ་རགས་པ་འགོ་གནོན་པའི་རྟགས་དང་རྟོགས་པ་འཕེལ་བའི་རྟགས་སོ། །ཞེས་དང་། མདོ་གཟེར་མིག་ལས། དུང་གི་སོ་མང་འདིས། བདེར་གཤེགས་དབུ་ལ་ཕྱི་ཞིང་བཤད་ལྟ་མི་འཚལ་ཏེ། སེམས་ཅན་རྣམས་ལ་སྡིག་སྒྲིབ་ཕྱི་ཞིང་བྱང་བར་བཤད་པའི་ཕྱིར་བཤད་པས། ཞེས་སོ། །
Domain ཆོས་ལུགས།

{{#arraymap:དུང་གི་སོ་མང་

|; |@@@ | | }}