29318

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དུང་ཅན་དཀར་མོ་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། ཐེག་ཆེན་གསང་སྔགས་ལུགས་ཀྱི་རྟེན་ཅན་གྱི་སྦྱོར་བའི་ཡུམ་སྟེ། དེ་ཡང་ཡི་དམ་ཞི་བའི་དཀྱིལ་འཁོར་གྱི་སྒོ་དང་བསྟུན་པའི་ཞི་བའི་ཡུམ་སྟེ། འགུ་ཡ་ལས། དུང་ཅན་དཀར་མོ་ཞི་ཡུམ་ནི། དཀར་གསལ་ཟླ་བའི་མདངས་སུ་གསལ། བཞིན་ལུས་དུང་ལྟར་གཡས་སུ་ཡོ། གཙུག་ཕུད་མཐོན་མཐིང་གཡས་སུ་འཁྱིལ། སྐད་ཆེ་གདངས་སྙན་ཚིག་ཏུ་གསལ། བོངས་ལུས་རན་ཞིང་མཛེས་པར་སྣང་། ཞེས་པས། དེ་ལ་ཡང་སྐུ་བྱད་ཀྱི་མདོག་ནི་དཀར་གསལ་ཟླ་བའི་མདངས་ལྟར་གསལ་ཞིང་། དེ་ལ་དུང་ཅན་དཀར་མོ་ཞེས་པ་དཔེ་ལས་བཏགས་པ་སྟེ། བཞིན་རས་དང་སྐུ་ལུས་ཀྱི་དབྱིབས་ནི་དུང་དཀར་བཞིན་གཡས་ཕྱོགས་སུ་འཁྱིལ་ཞིང་ཡོ་བས་བཏགས་སོ། །དབུའི་གཙུག་ཕུད་ཡང་མཐོན་མཐིང་གཡས་སུ་འཁྱིལ་ལ། གསུང་སྐད་ཀྱི་གདངས་སྙན་ཞིང་སྨྲ་ཚིག་བརྟན་ཅིང་རབ་ཏུ་གསལ་བ། སྐུ་ལུས་ཀྱི་བོངས་ཚད་རིང་ཐུང་སོགས་འཚམས་ཤིང་རན་པ་སྟེ་ཀུན་ལ་བལྟ་སྡུག་མཛེས་པར་སྣང་བའི་མཚན་ལྡན་གྱི་རིགས་མ་ཞིག་དགོས་པར་གསུངས་སོ། །
Domain ཆོས་ལུགས།

{{#arraymap:དུང་ཅན་དཀར་མོ་

|; |@@@ | | }}