29321
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རབ་བྱུང་༡༥ཤིང་མོ་བྱ་ཡི་ལོ་ཕྱི་ལོ་ ༡༨༨༥ ལོར་ནག་སྒར་དུ་ཆགས་ནས་རི་གསར་བླ་མས་བསྐལ་བཟང་རྡོ་དང་པདྨ་བཀའ་ཐང་སོགས་ཀྱི་རྟེན་བཞེངས་རྒྱ་ཆེན་མཛད། རབ་བྱུང་༡༥རྔ་ཆེན་ཆུ་ཁྱི་ཕྱི་ལོ་ ༡༩༣༢ ལོར་ཁང་དགོན་དུ་ཐོག་མར་བསྒྱུར། པདྨའི་རྒྱལ་ཚབ་གཏེར་ཆེན་ལས་རབ་གླིང་པ་དང་དབུས་ཟ་མཁའ་འགྲོ་བཅས་བྱོན་ནས་རྟེན་འབྲེལ་ཉེས་སེལ་གྱི་སྒྲུབ་པ་དང་སྦྱིན་བསྲེགས་བཅས་ཀྱི་ཕྱག་སྲོལ་བཙུགས། ཁོང་གིས་བྱོན་ཁར་ཆིབས་གོང་ནས་ཞལ་ཕྱིར་གྱེས་ནས་ཕྱག་བཀྱག་སྟེ་གནས་འདིར་རྟེན་འབྲེལ་གྱི་དབང་གི་སླར་ང་ཐོན་འོང་གསུང་བའི་ཞལ་བཞེས་གསལ་པོར་མཛད། ཁྱད་པར་དགོན་འདིར་ཀཿཐོག་སི་ཏུ་རིན་པོ་ཆེ་དང་། ཕྱག་སྤྲུལ་ཀུན་བཟང་ངེས་དོན་དབང་པོ་སོགས་བྱོན་ནས་དབང་བསྐུར་རྗེས་གནང་མཐར་ཕྱིན་པ་མཛད། དང་པོ་ལྕགས་ཤུལ་བླ་མ་ལྷུན་གྲུབ་རྒྱ་མཚོ་ནས། དཔལ་བླ་མ་ངག་དབང་བཟང་པོ། ལྕགས་ཤུལ་སྤྲུལ་སྐུ་སང་ལོ། སྒོ་ཆེན་སྤྲུལ་སྐུ་དྲི་མེད་འོད་ཟེར། ཁྲོ་ཁོས་སྤྲུལ་སྐུ་དབང་དྲག་སྟོབས་ལྡན། དཔའ་མཚོའི་བླ་མ་འཇམ་དབྱངས་བློ་བཟང་བཀྲ་ཤིས། གདོང་བླ་མ་ཆོས་ཀྱི་རྒྱལ་མཚན། བ་རོད་བླ་མ་དཔལ་ལྡན་སོགས་ཀྱི་ཐུགས་བསྐྱེད་བླ་ན་མེད་པའི་བཀའ་དྲིན་གྱིས་རྗེས་སུ་སྐྱོང་ཞིང་། གཞན་དགེ་བའི་བཤེས་གཉེན་དམ་པ་རིན་པོ་ཆེ་མ་ཎི་བླ་མ་པདྨ་དངོས་གྲུབ། ཕྱག་སྤྲུལ་ངེས་དོན་རྒྱ་མཚོ། སྐུ་ཆེན་རྡོ་རྗེ་དགྲ་འདུལ། མགར་བླ་པདྨ་དངོས་གྲུབ། མར་ཙེ་བླ་མ་འཇམ་དབྱངས་ཉི་མ། མགོ་ལོག་བླ་མ་འོད་དགའ་རིན་པོ་ཆེ་སོགས་སྐྱེས་ཆེན་དུ་མ་བྱོན། རབ་བྱུང་༡༦ལྕགས་ཕོ་སྤྲེའུ་ལོར་ཕྱི་ལོ་ ༡༩༨༠ ལོར་སྐྱབས་རྗེ་ལྕགས་ཤུལ་བླ་མ་སྐྱ་མགོ་འམ་གཏེར་ཆེན་ཨོ་རྒྱན་ཕྲིན་ལས་ཀྱིས་དགོན་འདི་ལེགས་པར་བཞེངས། སྔོན་གྱི་དགོན་ཤུལ་དུ་ལྷ་ཁང་ཆེ་ཆུང་དུ་མ་དང་། བཤད་གྲྭ་དང་སྒྲུབ་གྲྭ་སོགས་གསར་དུ་བཞེངས། |
{{#arraymap:དུང་ཆུང་དགོན་
|; |@@@ | | }}