29322

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དུང་ཆེན་ (1)
Part of speech མིང་ཚིག
Definition འབུད་རྒྱུའི་རོལ་མོ་ཞིག་སྟེ། རག་ལས་བཟོས་པའི་དུང་ཆེན་པོ་དེང་སང་དགོན་པ་ཁག་གིས་བེད་སྤྱོད་བྱེད་པ་དེའོ། །འདི་ལྕགས་ཕོ་འབྲུག་ཕྱི་ལོ་ ༡༠༤༠ ལ་ཇོ་བོ་རྗེ་བོད་དུ་བྱོན་སྐབས་ཕེབས་བསུའི་སླད་ཆེད་མངགས་ཀྱིས་སྔར་མེད་གསར་དུ་བཟོས་པར་བཤད་དེ། མཁས་པའི་དགའ་སྟོན་དུ། རག་དུང་ཡང་སྔར་མེད་པ་ལ་ཇོ་བོ་སྤྱན་འདྲེན་པའི་ཕྱིར་བཅོས་ཏེ་ལོ་པཎ་སྤྱན་འདྲེན་གྱི་དུང་ཞེས་གྲགས་གསུངས་འདུག་ཅེས་གསལ། འདི་ལ་རག་དུང་ཡང་ཟེར། དེའི་བཟོ་དབྱིབས་སོགས་ནི། དངུལ་དང་རག་ཟངས་སོགས་ལས་བཟོས་པའི་མཆོད་པའི་སྒྲ་འབྱིན་མཆོད་རྫས་བྱེ་བྲག་པ་ཞིག་སྟེ། ཁ་ནི་ཀོར་ཀོར་ཟླུམ་པོ་ཅན་རིམ་པས་ཡར་ཕྲ་བའི་རྣམ་པ་ཅན་ཏེ། ཕྱི་ནང་རིམ་པ་གཉིས་ཅན་དང། གསུམ་ཅན་ཅི་རིགས་སུ་ཡོད། ཕྱི་ཡི་ཀོར་ཀོར་དེ་ལ་གདུབ་བུ་གཉིས་ཀྱིས་བརྒྱན་ཞིང་། ཤིང་ལོ་པ་ཏྲའི་རིགས་རི་མོས་མཛེས་བརྒྱན་བཟོས་ཡོད། དེ་ལ་ཡང་དུང་ཆེན་ཞེས་བྱའོ། །

{{#arraymap:དུང་ཆེན་

|; |@@@ | | }}

དུང་ཆེན་ (2)
Part of speech མིང་ཚིག
Definition དུང་དཀར་ཆེན་པོ་དང་གཅིག་སྟེ། བདེ་བར་གཤེགས་པའི་ཐུགས་རྟེན་ཕྱག་མཚན་གྱི་ངོས་འཛིན་གསལ་བྱེད་ཉི་མ་ལས། དུང་དཀར་ཞིག་གོ ། ཞེས་སོ། །དེ་ནི་ཕྱག་ཆ་བྱེད་དེ། གཟི་བརྗིད་པོད་གསུམ་པ་ལས། ཕྱག་མཚན་ཕྱག་ན་དུང་ཆེན་བསྣམས། ཞེས་སོ། །

{{#arraymap:དུང་ཆེན་

|; |@@@ | | }}

དུང་ཆེན་ (2)
Part of speech མིང་ཚིག
Definition མིའི་ཐོད་པའི་བཟོས་པའི་སྣོད།

{{#arraymap:དུང་ཆེན་

|; |@@@ | | }}