29325

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དུང་ཆོས་རྡོ་རྗེ་ (1)
Part of speech མིང་ཚིག
Definition བུམ་པའི་སྟེང་དུ་དུང་ཆོས་ལ་དྲི་ཞིམ་པོའི་ཆུ་མེ་ཏོག་དཀར་པོ་དང་བཅས་པ་བཞག མ་འབྱོར་ན་འཁར་ཕོར་གྱིས་བྱ་རུང་། དེའི་སྟེང་དུ་རིགས་སོ་སོའི་མཚན་མ་བྱེད་པར་ཀུན་སྙིང་གིས་གསུངས་མོད། འདིར་རྣམ་སྣང་རྡོར་སེམས་ཡིན་པས་འཁོར་ལོ་དང་རྡོ་རྗེ་གང་རུང་ཡིན་མོད། ཕྱག་ལེན་ལ་རྡོ་རྗེའི་གཟུགས་ཆུའི་ནང་དུ་འཆར་བར་བཞག གཟུངས་ཐག་ནི་ས་པཎ་གྱིས། ཐུགས་རྗེའི་གཟུངས་ཐག་ཡེ་ཤེས་ལྔ། །སངས་རྒྱས་ལྔ་ཡི་རང་བཞིན་ཏེ། །དམ་ཚིག་གཟུངས་ཀྱི་ཐག་པ་འདིས། །བུམ་པའི་མགུལ་ནས་གདགས་པར་བྱ། །ཞེས་གསུངས་པའི་དོན། རྒྱ་གར་ན་མེ་ཏོག་རློན་པ་སྐུད་པ་ལ་བརྒྱུས་ནས་བྱེད། བོད་སྔ་མ་རྣམས་གོས་དར་རམ་ཤོག་བུ་ལ་མེ་ཏོག་དཀར་དམར་གྱི་གཟུགས་བྱས་པའི་ཕྲེང་བ་བྱེད་ཅིང་། ད་ལྟ་སྐུད་པ་ཁྲ་བོ་ལ་བྱེད་པ་ནི་སླ་ཆོོས་ཡིན་གསུངས་ཀྱང་། ཐུགས་རྗེའི་གཟུངས་ཐག་ཡེ་ཤེས་ལྔ། །གསུངས་པས་ཁ་དོག་ལྔའི་སྐུད་པས་བྱས་ཀྱང་འགལ་བར་མི་སེམས་ཏེ་རྒྱ་གར་ནའང་མེ་ཏོག་སྐུད་པ་ལ་བརྒྱུས་པས་བྱེད་པའི་ཕྱིར་རོ། །ཞེས་ཤར་བླ་མའི་ཀུན་རིག་རྣམ་བཤད་གཞན་ཕན་མཛེས་རྒྱན་ལས་སོ། །
Domain ཆོས་ལུགས།

{{#arraymap:དུང་ཆོས་རྡོ་རྗེ་

|; |@@@ | | }}