29342
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | དུས་རབས་བཅུ་གསུམ་པའི་མགོར་ཡར་ཀླུང་གཡག་མཁར་སྔོན་པོར་ཡབ་ཞང་སྒོམ་འབྱུང་གནས་འོད་དང་། ཡུམ་ཁུ་མོ་ཁྱེ་འདྲེན་འབུམ་གཉིས་ཀྱི་སྲས་སུ་འཁྲུངས། གཞོན་དུས་ནས་སྤྱན་སྔ་གསེར་ཐོག་པ་བསྟེན། རབ་བྱུང་མཚན་ལ་ཤེས་རབ་རྒྱལ་མཚན་ཞེས་གསོལ། ཁ་རག་ལྷ་མཚོར་ཕེབས། འཁྲུལ་ཞིག་ཁམས་པའི་དྲུང་དུ་དཀའ་ཐུབ་མང་པོ་ཞུས། བལ་ཡུལ་དུ་ཕེབས། གཏེར་གྱི་ཁ་བྱང་བླངས། དྭགས་ལྷ་སྒམ་པོར་བྱོན། རིན་པོ་ཆེ་རྡོར་བློ་བ་ལས་བསྙེན་པར་རྫོགས། མཚན་ལ་རིན་ཆེན་བཟང་པོ་ཞེས་གསོལ། ཆོས་གཏེར་བཏོན་ཏེ་སེམས་ཁྲིད་ཀྱི་བརྒྱུད་པ་སྤེལ། ཀཱ་ལ་དུང་མཚོར་སྤྱིལ་བུ་བརྩིགས་ནས་ཆས་བསགས་ཏེ་ལོ་སྒྲུབ་ལ་བཞུགས། གནས་སྐོར་བའི་རི་བ་བརྒྱད་བརྒྱ་ཙམ་འདུས། འགྲོ་མགོན་རིན་ཆེན་མཛེས་ལ་གཏེར་ཆོས་ཟབ་མོའི་ཁྲིད་བཏབ། རྟོགས་པ་ཁྱད་པར་ཅན་རྒྱུད་ལ་འཁྲུངས། རས་པ་བརྒྱད་བརྒྱ་འདུས་པ་ལ་གཏེར་ཆོས་ཀྱི་ཁྲིད་བཏབ། ཕྱིས་ལྷོ་གཉལ་ལ་སོགས་པའི་ཡུལ་མང་པོར་འགྲོ་དོན་མཛད། གྲང་མོའི་རྫ་ཆུ་དར་མོ་ཡུན་རིང་བཞུགས། སློབ་མ་གྲགས་ཆེ་བ་ནི་བླ་མ་འཁྲུལ་ཞིག་སྣའུ་བ་དང་། རྩ་རི་རས་པ། བྱེ་མ་རས་པ། དོམ་ཚང་རས་པ། སྒྲོད་ལུང་པ། སྟག་ཚང་རས་པ་བཅས་ཡིན། |
{{#arraymap:དུང་མཚོ་རས་པ་
|; |@@@ | | }}