29385

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དུད་འགྲོ་གསོད་པའི་ལྟུང་བྱེད་ (1)
Part of speech མིང་ཚིག
Definition འདུལ་བ་རྣམ་པར་འབྱེད་པའི་སྡེ་ཚན། འདུལ་བ་ཇ་པར་བཞུགས།

{{#arraymap:དུད་འགྲོ་གསོད་པའི་ལྟུང་བྱེད་

|; |@@@ | | }}

དུད་འགྲོ་གསོད་པའི་ལྟུང་བྱེད་ (2)
Part of speech མིང་ཚིག
Definition མདོ། འདུལ་བ། ལྟུང་བྱེད་འབའ་ཞིག་པ་དགུ་བཅུའི་ནང་གསེས་ཤིག གླེང་གཞི་ནི་མཉན་ཡོད་དུ་འཆར་ཀས་བྱ་རོག་བསད་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་དུད་འགྲོའི་སྲོག་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་སྲོག་ཆགས་དང་བཅས་པའི་ཆུ་ལྟ་བུ་གཞི་མའི་ཞར་ལ་སྲོག་ཆགས་འཆི་བར་འགྱུར་བའི་བྱ་བ་བྱེད་ཅིང་ཤི་ན་དུད་འགྲོ་འདེབས་སྤྱོད་ཀྱི་ལྟུང་བ་གཞན་དུ་འགྱུར་པས་འདིར་ནི། དུད་འགྲོ་དེ་གཞི་མའི་ཞོར་མ་ཡིན་པར་གསོད་སེམས་ཀྱིས་རང་ངམ་བསྐོས་པས་བསད་དེ་དུད་འགྲོ་ཤི་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། གསོད་པའི་སེམས་ཀྱིས་དུད་འགྲོ་ལ་བསྣུན་ནའོ། །གཞི་དེ་དེའི་ཚེའམ་གཞན་གྱི་ཚེ་ཤི་ནའོ། །ཞེས་པས་བསྟན། ངོ་བོ་ནི། གསོད་སེམས་ཀྱིས་ཀུན་ནས་བསླངས་ཏེ། དགེ་སློང་གིིས་དུད་འགྲོའི་རིགས་སུ་གཏོགས་པ་གང་ཡང་རུང་བའི་སྲོག་བཅད་པའི་བཅས་པའི་ཁ་ན་མ་ཐོ་བའོ། །དུད་འགྲོ་ནི་འགྲོ་བ་ཐ་ཆད་ཡིན་པས་དེ་བསད་པ་ལ་ལྟུང་བྱེད་ཙམ་དང་། ལྷ་ནི་བདེ་འགྲོ་ཡིན་ཡང་། སོ་ཐར་གྱི་སྡོམ་པ་སྐྱེ་བའི་རྟེན་མ་ཡིན་པས་དེ་བསད་པ་ལ་སྦོམ་པོ་དང་། མི་ནི་སོ་ཐར་བསམ་གཏན་ཟག་མེད་ཀྱི་སྡོམ་པ་གསུམ་ཀ་སྐྱེ་བའི་རྟེན་དུ་རུང་བས་དེ་བསད་པ་ལ་ཕམ་པ་འབྱུང་རིགས་པར་འོད་ལྡན་ལས་བཤད་དོ། །ཞེས་པཎ་ཆེན་ངག་དབང་ཆོས་གྲགས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་རྒྱས་པའི་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།

{{#arraymap:དུད་འགྲོ་གསོད་པའི་ལྟུང་བྱེད་

|; |@@@ | | }}