29387

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དུད་འགྲོ་འདེབས་པའི་ལྟུང་བྱེད་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། དགེ་སློང་གིས་ཤིང་དང་ཆུ་ལ་སོགས་པ་སྲོག་ཆགས་དང་བཅས་པ་ལ་སྲོག་ལ་མ་ལྟོས་པའི་བསམ་པས་ལོངས་སྤྱོད་པས་ཞར་ལ་དུད་འགྲོ་ཤི་བ་ལས་གྱུར་བའི་ལྟུང་བ་ཞིག་ལ་ཟེར། དེའི་ངོ་ཏི་ནི། པཎ་ཆེན་འདུལ་བ་ལས། རང་གཞན་ཐུན་མོང་ངམ། གཞན་ཁོ་ནའི་དོན་དུ་ཆུ་དང་ཤིང་ལ་སོགས་པ་སྲོག་ཆགས་དང་བཅས་པ་ལ་དུད་འགྲོའི་སྲོག་ལ་ལྟོས་མེད་ཀྱིས་བསམ་པས་སྤྱད་དེ་དུད་འགྲོ་ཤི་བ་ན་དེར་འགྱུར་བའི་ཕྱིར། གླེང་གཞི་ནི། ཡུལ་ཀོོ་ཤཱམྦྷིར་འདུན་པས་སྲོག་ཆགས་དང་བཅས་པའི་ཆུ་ས་ལ་འདེབས་པར་བྱེད་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་དུད་འགྲོའི་སྲོག་ལ་གནོད་པའོ། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:དུད་འགྲོ་འདེབས་པའི་ལྟུང་བྱེད་

|; |@@@ | | }}