29399

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དུད་འགྲོའི་སྐྱེ་གནས་ནས་ཤི་འཕོས་པའི་གང་ཟག་གི་མཚན་མ་ཉེར་བཞི་ (1)
Part of speech མིང་ཚིག
Definition དཀོན་བརྩེགས་ལེའུ་ཉེར་ལྔ་པ་མུ་སྟེགས་ཅན་ལུང་བསྟན་པའི་ལེའུ་ལས་བྱུང་བ་སྟེ ། ༡ རྨུགས་ཤིང་གཉིད་ཆེ་བ་ཡིན ། ༢ ལེ་ལོ་ཆེ་བ་ཡིན ། ༣ མང་དུ་ཟ་བ་ཡིན ། ༤ ས་ལ་འདྲུད་པ་ཡིན ། ༥ མི་འཇིགས་པ་མེད་པ་ཡིན ། ༦ མི་གསལ་བར་སྨྲ་བ་ཡིན ། ༧ གླེན་པ་ལ་དགའ་བ་ཡིན ། ༨ མུན་པ་ལ་དགའ་བ་ཡིན ། ༩ འདམ་རྫབ་ལ་དགའ་བ་ཡིན ། ༡༠ ཡང་དང་ཡང་སོས་རྩྭ་གཅོད་པ་ཡིན ། ༡༡ རྒྱུན་དུ་རྐང་པའི་མཐེ་བོས་ས་རྐོ་བ་ཡིན ། ༡༢ ཡང་དང་ཡང་མགོ་ལ་སྦྲང་མ་འདུ་བ་ཡིན ། ༡༣ ཡང་དང་ཡང་ནམ་མཁའ་ལ་སོས་འདེབས་པ་ཡིན ། ༡༤ ཀུན་ཏུ་བསྐུམས་ཏེ་ཉལ་བ་ཡིན ། ༡༥ ས་ལ་ཉལ་བ་ཡིན ། ༡༦ མི་གཙང་བས་མི་འདག་པ་ཡིན ། ༡༧ ཡང་དང་ཡང་ནམ་མཁའ་ལ་སྣམ་པ་ཡིན ། ༡༨ ཡང་དང་ཡང་མ་སྨིན་པ་ཟ་བ་ཡིན ། ༡༩ གཞན་དུ་སྨྲ་ཞིང་གཞན་དུ་བྱེད་དེ་གཡོ་བྱེད་པ་ཡིན ། ༢༠ བབ་བབ་ཏུ་སྤྱོད་པ་ཡིན ། ༢༡ རྨི་ལམ་ན་བདག་རྫབ་ཀྱིས་གོས་པར་རྨི་བ་ཡིན ། ༢༢ རྨི་ལམ་ན་བདག་ནགས་སུ་སོང་སྟེ་རྩྭ་ཟ་བར་རྨི་བ་ཡིན ། ༢༣ སྦྲུལ་གདུག་པས་བདག་བསྐོར་བར་མཐོང་བ་ཡིན ། ༢༤ བདག་ཉིད་རི་ཁྲོད་དུ་ཞུགས་པར་མཐོང་བ་ཡིན་པ་བཅས་སོ། །
Domain ཆོས་ལུགས།

{{#arraymap:དུད་འགྲོའི་སྐྱེ་གནས་ནས་ཤི་འཕོས་པའི་གང་ཟག་གི་མཚན་མ་ཉེར་བཞི་

|; |@@@ | | }}