29442

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དུར་ཁྲོད་ཀྱི་ཆས་བརྒྱད་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག དུར་ཁྲོད་ཀྱི་ཆས་བརྒྱད་ནི། བགོ་བའི་གོས་གསུམ་དང་། གདགས་པའི་རྒྱན་གཉིས་དང་། བྱུགས་པའི་རྫས་གསུམ་བཅས་བརྒྱད་དེ། མི་མགོའི་དབུ་རྒྱན་དང༌། མི་མགོའི་དོ་ཤལ། གླང་ཆེན་གྱི་པགས་པའི་སྟོད་གཡོགས། ཞིང་ལྤགས་ཀྱི་གཡང་གཞི། སྟག་ལྤགས་ཀྱི་ཤམ་ཐབས། ཞག་གི་ཟོ་རིས། ཁྲག་གི་ཐིག་ལེ། ཐལ་ཆེན་གྱི་ཚོམ་བུ་དང་བཅས། འདི་དག་ལ་རྒྱལ་བྱེད་དཔའ་རྟགས་ཀྱི་རྒྱན་ཞེས་ཀྱང་གྲགས། དཔལ་གྱི་ཆས་བརྒྱད་ཀྱི་སྐབས་སུའང་གཟིགས།
Domain ཆོས་ལུགས།
དུར་ཁྲོད་ཀྱི་ཆས་བརྒྱད་ (2)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། ཁྲོས་པའི་མཚན་ཉིད་བརྒྱད་ཅུའི་ནང་ཚན་ཏེ། དུར་ཁྲོད་ཀྱི་ཆས་ཞེས་པ་བསྟན་འགྲོའི་དོན་ལ་རབ་ཏུ་གནོད་པར་བྱེད་པའི་དགྲ་བགེགས་ལོག་ལྟ་ཅན་སོགས་འཇིགས་ཤིང་ཟིལ་གྱིས་གནོན་པའི་ཐབས་སུ་དགོངས་ཏེ། ཡི་དམ་ལྷ་ཚོགས་ཀྱིས་སྐུ་འབར་བ་དྲག་ཏུ་ཁྲོས་པའི་རྣམ་འགྱུར་གྱི་ཆ་ལུགས་ཏེ་མི་མགོའི་ཐོད་ཕྲེང་ལ་སོགས་དུར་ཁྲོད་ཀྱི་ཆས་རྣམས་སོ། །དེ་ལ་གྲངས་ཀྱི་དབྱེ་བ་ལ་ཡང་། དཔལ་གསང་བ་འདུས་པ་དོན་གྱི་རྒྱུད་ལས་གསུངས་པ་ལྟར། བདུད་སྲིན་གྱི་གཡང་གཞི། སྟག་གི་ཤམ་ཐབས། སྦྲུལ་གྱི་སྐེ་རགས། ཐོད་སྐམ་གྱི་དབུ་རྒྱན། ཐོད་རློན་གྱི་དོ་ཤལ། ཁྲག་གི་ཐིག་ལེ། ཞག་གི་ཟོ་རིས། ཐལ་ཆེན་གྱི་ཚོམ་བུ་དང་བརྒྱད་དུ་བཤད་དོ། །