29445
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཤར་ན་མི་ཕྱེད་རྡོ་རྗེ་མཁའ་འགྲོ། ལྷོར་རིན་ཆེན་མཁའ་འགྲོ་གཟི་བརྗིད་ཅན། ནུབ་ཏུ་དྲི་མ་པདྨ་མཁའ་འགྲོ། བྱང་ན་ལས་ཀྱི་མཁའ་འགྲོ་བདེ་བ་ཅན། ཤར་ལྷོར་མི་འདའ་དམ་ཚིག་མཁའ་འགྲོ། ལྷོ་ནུབ་སྣ་ཚོགས་མཁའ་འགྲོ་མི་ཐུབ་མ། ནུབ་བྱང་དུ་ཐམས་ཅད་མཁའ་འགྲོ་ཀུན་རྒྱུ་མ། བྱང་ཤར་ན་རྒྱུད་འཛིན་འཇིག་རྟེན་མཁའ་འགྲོ་དང་བརྒྱད་དེ་ཐམས་ཅད་ཀྱང་གཅེར་བུ་རུས་པའི་རྒྱན་དྲུག་གིས་བརྒྱན་པ། གྲི་ཐོད་འཛིན་ཅིང་ཁཱ་ཊཱི་ཁ་འཁྱུད་པའོ། ། |
| Domain | ཆོས་ལུགས། |