29450
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། འདོག་པའི་རྒྱན་གཉིས། བགོ་བའི་དབུ་གོས་གསུམ། བྱུག་པའི་རྫས་གསུམ། དང་པོ་ནི་ཐོད་སྐམ་ལྔའི་རྒྱན་དང་། ཐོད་རློན་ལྔ་བཅུའི་དོ་ཤལ་དང་གཅིག སྦྲུལ་རིགས་ལྔའི་ཡན་ལག་བརྒྱན་པ་དང་གཉིས་སོ། ། གཉིས་པ་ནི་སྐུ་སྟོད་ལ་གླང་ཆེན་གྱི་ཀོ་རློན། སྐུ་སྐེད་ལ་ཞིང་ལྤགས་ཀྱི་གཡང་གཞི། སྐུ་སྨད་ལ་སྟག་ལྤགས་ཀྱི་ཤམ་ཐབས་རྣམས་སོ། །གསུམ་པ་ནི་དཔྲལ་བ་ལ་ཐལ་ཆེན་གྱི་ཚོམ་བུ། སྨིན་ཕྲག་ཏུ་རཀྟའི་ཐིག་ལེ། ཀོས་ཀོ་ལ་ཞག་གི་ཟོ་རིས་རྣམས་སོ། ། |
| Domain | ཆོས་ལུགས། |