29456

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དུར་ཁྲོད་པ་ཉིད་ལ་ཡོན་ཏན་བཅུ་ (1)
Part of speech མིང་ཚིག
Definition མདོ་ཀུན་ལས་བཏུས་པ་ཆེན་པོ་ལས་བྱུང་བ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དུར་ཁྲོད་པ་ཉིད་ལ་ཡོན་ཏན་བཅུ་སྟེ། མི་རྟག་པའི་འདུ་ཤེས་ཉེ་བར་འཇོག་པ། འཆི་བའི་འདུ་ཤེས་ཉེ་བར་འཇོག་པ། མི་གཙང་བའི་འདུ་ཤེས་ཉེ་བར་འཇོག་པ། འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ་ཤེས་ཉེ་བར་འཇོག་པ། མཛའ་བོ་ཐམས་ཅད་མེད་པར་འབྱུང་བའི་འདུ་ཤེས་ཉེ་བར་འཇོག་པ། མཛའ་བོ་ཐམས་ཅད་འདྲལ་བའི་འདུ་ཤེས་ཉེ་བར་འཇོག་པ། སྙིང་རྗེའི་འདུ་ཤེས་ཉེ་བར་འཇོག་པ། རྒོད་པ་སྤོང་བ། སྐྱོ་བ་སྤོང་བ། འཇིགས་པ་སྤོང་བའོ། །
Domain ཆོས་ལུགས།