29460

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དུར་ཁྲོད་བརྒྱད་ (1)
Part of speech མིང་ཚིག
Definition རྒྱ་གར་གྱི་མཁན་པོ་རཏྣ་ཤྲཱི་མི་ཏྲ་དང༌། དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར། ཟུར་མཆན། ཆོས་ཚན་ ༠༡༠༠ པ་ནས་ ༠༡༠༧ པའི་བར་འགྲེལ་ཆུང་ཕྲན་བརྒྱད་ཅེས་ཟེར་རོ། །བསྟན་འགྱུར་རྒྱུད་ཇ་པར་བཞུགས།
དུར་ཁྲོད་བརྒྱད་ (2)
Part of speech མིང་ཚིག
Definition རྒྱ་གར་གྱི་མཁན་པོ་རཏྣ་ཤྲཱི་མི་ཏྲ་དང༌། དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར། བསྟན་འགྱུར་རྒྱུད་ཇ་པར་བཞུགས།
དུར་ཁྲོད་བརྒྱད་ (3)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་བླ་མེད་རྒྱུད། ༡ ཤར་དུ་གཏུམ་དྲག ༢ བྱང་དུ་ཚང་ཚིང་འཁྲིགས་པ། ༣ ནུབ་ཏུ་རྡོ་རྗེ་འབར་བ། ༤ ལྷོར་ཀང་རུས་ཅན། ༥ དབང་ལྡན་དུ་དྲག་ཏུ་རྒོད་པ། ༦ མེར་བཀྲ་ཤིས་ཚལ། ༧ བདེན་བྲལ་དུ་མུན་པ་དྲག་པོ། ༨ རླུང་དུ་ཀི་ལི་ཀི་ལིའི་སྒྲ་སྒྲོག་པ་རྣམས་སོ། །
Domain ཆོས་ལུགས།
དུར་ཁྲོད་བརྒྱད་ (4)
Part of speech མིང་ཚིག
Definition རྣམ་གྲངས་རྒྱ་མཚོའི་གཏེར་ལས། ༡ གཏུམ་དྲག་ཅན། ༢ གད་རྒྱངས་སྒྲོགས་པ། ༣ པདྨ་འཁྱིལ་བ། ༤ ཀཱི་ལ་སྒྲོགས་པ། ༥ རབ་འཇིགས། ༦ མི་བཟོད་གཏུམ་པ། ༧ རབ་རྒྱུ། ༨ དྲག་ཤུལ་ཅན།
དུར་ཁྲོད་བརྒྱད་ (5)
Part of speech མིང་ཚིག
Definition གཞལ་ཡས་ཁང་གི་ཕྱི་རོལ་དུ་ཡོད་པའི་དུར་ཁྲོད་ཆེན་པོ་བརྒྱད་དེ། ༡ ཤར་དུ་བསིལ་བའི་ཚལ། ༢ ལྷོར་ཀུ་ལི་སྒྲ་སྒྲོག ༣ ནུབ་ཏུ་ལངྒ་བརྩེགས་པ། ༤ བྱང་དུ་པདྨ་བརྩེགས་པ། ༥ ཤར་ལྷོར་ལྷུན་གྲུབ་གཏེར། ༦ ལྷོ་ནུབ་ཏུ་གསང་ཆེན་རོལ་བ། ༧ ནུབ་བྱང་དུ་ཧོ་ཆེན་གདལ་བ། ༨ བྱང་ཤར་དུ་འཇིག་རྟེན་བརྩེགས་པ་དང་བརྒྱད་དོ། །