29464

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དུར་ཁྲོད་བསིལ་བ་ཚལ་ (1)
Part of speech མིང་ཚིག
Definition དུར་ཁྲོད་བསིལ་བ་ཚལ་ནི། སྒྲུབ་པ་བཀའ་བརྒྱད་ཀྱི་བཀའ་བབས་ལས། དུར་ཁྲོད་ཆེན་པོ་བསིལ་བ་ཚལ་ཞེས་བྱ་བ་དེར༔ མཆོད་རྟེན་བདེ་བྱེད་བརྩེགས་པ་ཞེས་བྱ་བ་དེར་ཕྱིན་ནས༔ ཕྱི་མཆོད་རྟེན་ལ་ནང་གཞལ་མེད་ཁང་གི་རྣམ་པར་བྱས་ནས་རིན་པོ་ཆེའི་སྒྲོམ་བུ་རྣམས་བཞུགས་པ་སྟེ༔ རྒྱས་བཏབ་ནས་བཞག་གོ༔ ཞེས་གསུངས་པ་ལྟར། སྔོན་མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེས་སྒྲུབ་པ་ཆེན་པོ་བཀའ་བརྒྱད་ཀྱི་ཆོས་སྡེ་རྣམས་རིན་པོ་ཆེའི་སྒྲོམ་དུ་བཅུག་སྟེ་མཆོད་རྟེན་བདེ་བྱེད་བརྩེགས་པར་གཏེར་དུ་སྦས་ཤིང་། ཕྱིས་གྲུབ་པའི་རིག་འཛིན་ཆེན་པོ་བརྒྱད་ལ་བཀའ་བརྒྱད་ཀྱི་ཆོས་སྐོར་གཏད་པའི་གནས་མཆོག་ཁྱད་པར་ཅན་ཞིག་སྟེ། གནས་འདིའི་མིང་གི་རྣམ་གྲངས་ལ། དུར་ཁྲོད་ཆེན་པོ་རོ་མྱགས་ཀྱི་ཚལ་ཞེས་ཀྱ་བྱ༔ འདམ་བུའི་ཚལ་ཞེས་ཀྱང་བྱ༔ བསིལ་བ་ཚལ་ཞེས་ཀྱ་བྱ༔ ཞེས་སྒྲུབ་པ་བཀའ་བརྒྱད་ཀྱི་བཀའ་བབས་ལས་གསུངས།