From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
དུར་བ་ (1)
| Part of speech
|
རྒྱན་ཚིག
|
| Definition
|
བྲེལ་འཚུབ་བམ་འཚབ་འཚུབ་ཀྱི་དོན་ཏེ། དག་ཡིག་ལེགས་བཤད་ཚིག་གཏེར་ལས། དུར་བ་ནི་བྲེལ་འཚུབ་བམ་འཚབ་འཚུབ་ཅེས་གསུངས།
|
| Example
|
ཟས་ལ་དུར་བ་དང༌། ལས་ལ་དུར་བ་ལྟ་བུ།
|
དུར་བ་ (1)
| Part of speech
|
མིང་ཚིག
|
| Definition
|
ཟུར་ཆག ལེགས་སྦྱར་གྱི་སྐད་དུ་དཱུརྦྦཱ་ཟུར་ཆག་པ་སྟེ། བོད་སྐད་དུ་བསྒྱུར་ན་འཚེ་ཅན་ཞེས་འགྱུར་བར་དཔལ་སྤུངས་སི་ཏུས་མཛད་པའི་འཆི་མེད་མཛོད་ཀྱི་འགྲེལ་པ་ལས་གསུངས། རྩྭ་དེ་སྦྱིན་སྲེག་གི་རྫས་བྱེད་ཅིང་། བསམ་གཏན་པ་རྣམས་ཀྱིས་གདན་འོག་ཏུ་གདིང་། བཅོམ་ལྡན་འདས་སངས་རྒྱས་ཁར་རྩྭ་ཚོང་ཁྱེའུ་བཀྲ་ཤིས་ལ། བཀྲ་ཤིས་རྩྭ་ནི་ང་ལ་མྱུར་དུ་བྱིན། །དེ་རིང་ང་ལ་རྩྭ་ནི་དོན་ཆེན་འགྱུར། །དཔུང་དང་བཅས་པའི་བདུད་ནི་བཅོམ་ནས་སུ། །བྱང་ཆུབ་དམ་པ་ཞི་བར་རེག་པར་འགྱུར། །ཞེས་གསུངས་པའི་སྐབས་ཀྱི་རྩྭ་དེ་ཡིན།
|