29483

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དུར་བྱིད་ (1)
Part of speech མིང་ཚིག
Definition ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་རྐང་གཅིག་ཟླུམ་རིང་ལ་ཕུག་འདྲ་བ་དང༌། ཤུན་པ་དམར་པོའམ་དམར་ནག་ཅན་ལ། བཅད་ཁ་གཞི་དཀར་ཞིང་དཀར་སེར་སྤེལ་མའི་རིས་ཡོད་པ། སྡོང་པོ་འདྲོང་པོར་སྐྱེ་བ། ལོ་མ་ལྗང་སེར་མཐའ་མཉམ་པ་འཇོང་ནར་ཅན་སྡོང་པོའི་སྨད་ཆ་ནས་རེ་མོས་སུ་སྐྱེ་བ། མེ་ཏོག་སེར་སྐྱའམ་ལྗང་སེར་ལོ་མ་འདྲ་བའི་འདབ་མ་ཅན་འཆར་ཞིང་འབྲས་བུ་འཇོང་བ་སྨིན་ཚེ་ཁ་གསུམ་དུ་གས་པ། རྩ་བ་དང༌། ལོ་མ། མེ་ཏོག འབྲས་བུ་ཡོངས་རྫོགས་ཀྱི་བཅད་ཁར་འོ་མ་འབྱུང་བ་འདི་ལ་ཡུལ་སོ་སོའི་སྐྱེ་གནས་དབང་གིས་ཅུང་ཟད་མི་འདྲ་བ་ཡོད་པ་སྟེ། སྤོ་བོ་དང༌། ལྷོ་རོང༌། ཉིང་ཁྲི། ལྷོ་ཁ་སོགས་སུ་བྱེ་ཤས་ཆེ་བའི་སར་སྐྱེ་བ་མང་བ། རྩ་བ་བོད་ཟླ་བརྒྱད་པའི་ནང་བཏུས་ཏེ་ནང་གི་རྐང་དང་ཕྱིའི་ཤུན་པ་འཕྲལ་ལ་ཡོས་ཚན་ནང་དུ་ཡུད་ཙམ་བཅུག་སྟེ་བཏུལ་ཐོག་སྨན་དུ་སྤྱོད་རྒྱུ། རོ་མངར་བ། ཞུ་རྗེས་མངར་བ། ནུས་པ་དྲོ་ལ་རྩུབ་ཅིང་རྣོ་བས་རྨ་རུལ་བ་གསོ་བ་དང༌། ནད་རིགས་རྣམས་སྦྱོང་ཞིང་བད་ཀན་སྐྱུགས་པར་བྱེད་པ་ཡིན།
Domain གསོ་རིག