29486

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དུར་མི་ནག་པོ་བཞི་ (1)
Part of speech མིང་ཚིག
Definition ལོ་རྒན་དྲུག་ཅུའི་ནང་གསེས་འབྱུང་བ་གང་གི་དུར་ལོའི་དབང་ཁམས་འབྱུང་བ་དེ་ཉིད་ཡིན་པའི་ལོ་ངན་བཞི་སྟེ། འབྲུག་ནི་འབྱུང་བ་ཆུའི་དུར་ལོ་ཡིན་པས་ཆུ་འབྲུག་དང་། ལུག་ནི་འབྱུང་བ་ཤིང་གི་དུར་ལོ་ཡིན་པས་ཤིང་ལུག ཁྱི་ནི་འབྱུང་བ་མེའི་དུར་ལོ་ཡིན་པས་མེ་ཁྱི། གླང་ནི་འབྱུང་བ་ལྕགས་ཀྱི་དུར་ལོ་ཡིན་པས་ལྕགས་གླང་བཅས་ཡིན། སྤྱིར་འདི་བཞི་ལས་གང་ཞིག་གནམ་ལོ་ཤར་བའི་ལོ་དེར་མིའི་ཤི་ཚད་སོགས་མང་བར་བཤད་ཅིང་། བྱེ་བྲག་ཏུ་བརྩི་བྱ་དག་གི་ལོ་ཁམས་འདི་བཞིར་གཏོགས་ན་ངན་པ་མ་ཟད། ལོག་མེན་ལོ་དེ་བཞི་ལས་གང་རུང་ཞིག་གི་སྟེང་དུ་བབས་དུས་ཀྱང་ངན་པར་བཤད།
Domain རྩིས་རིག