29490

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དུར་འཇུག་ (1)
Part of speech མིང་ཚིག
Definition མི་ཤི་རྗེས་རོ་ས་སྦས་གཏོང་བའི་བྱེད་སྒོ།
Example དུར་འཇུག་ཡག་པོ་ཞིག་ཀྱང་བྱེད་མ་ཐུབ་ཅེས་པ་ལྟ་བུ།
དུར་འཇུག་ (2)
Part of speech མིང་ཚིག
Definition བརྒྱ་བྱིན་ཏེ། ལྷ་མ་ཡིན་གྱི་མ་དཻ་ཏྱ་སྟེ་སྦྱིན་སྐྱེས་ཀྱི་བུ་ཐམས་ཅད་བརྒྱ་བྱིན་གྱིས་བསད་པས། སྦྱིན་སྐྱེས་ཀྱིས་ཁོག་སྡུག་བསྲིང་ཆེད། དྲང་སྲོང་འོད་སྲུང་ལ་བསྙེན་བཀུར་མང་དུ་བྱས་པས། དེ་ན་རེ། ཁྱོད་ཅི་འདོད་དྲིས་པས། བརྒྱ་བྱིན་ཐུབ་པའི་བུ་གཅིག་འདོད་ཟེར་རོ། །དེས་ཆུའི་ཐིགས་པ་གཅིག་བྱིན་ཏེ་མངལ་དུ་བཟུང་བ་ལ། བརྒྱ་བྱིན་གྱིས་ཐོས་ནས་ད་ལྟ་ཉིད་དུ་མེད་པར་བྱའོ་སྙམ་དུ་བསམས་ནས། དེའི་མངལ་དུ་ཞུགས་ནས་དེ་དུམ་བུ་བདུན་དུ་བྱས་ཀྱང་མ་ཤི་བས་ངུས་སོ། །ཡང་ཁྲོས་ཏེ་དེ་རེ་རེ་ཡང་བདུན་བདུན་དུ་བྱས་སོ། །དེ་དག་ལྷན་ཅིག་ཏུ་རླུང་གི་ལྷ་བཞི་བཅུ་རྩ་དགུར་གྱུར་ཏོ། །
Type མངོན་བརྗོད།