29494

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དུར་ལོ་བཞི་ (1)
Part of speech མིང་ཚིག
Definition དར་གུད་བཅུ་གཉིས་པོ་ལོ་བཅུ་གཉིས་ཀྱི་སྟེང་དུ་སྤྱི་ལྟར་བསྐོར་ན་དུར་ཞུགས་འབབ་པའི་ལོ་བརྙན་བཞི་ལ་ཟེར་བ་ཡིན། དེ་དག་ནི་ཤིང་དབུགས་སྤྲེལ་ནས་བླངས་ཏེ་གཡས་སུ་བསྐོར་ན་དུར་ཞུགས་འབབ་པའི་ལོ་བརྙན་ལུག་དང་། མེ་དབུགས་ཕག་ནས་བླངས་ཏེ་གཡས་སུ་བསྐོར་ན་དུར་ཞུགས་འབབ་པའི་ལོ་བརྙན་ཁྱི། ལྕགས་དབུགས་སྟག་ནས་བླངས་ཏེ་གཡས་སུ་བསྐོར་ན་དུར་ཞུགས་འབབ་པའི་ལོ་བརྙན་གླང་། ས་དང་ཆུ་དབུགས་སྦྲུལ་ནས་བླངས་ཏེ་གཡས་སུ་བསྐོར་ན་དུར་ཞུགས་འབབ་པའི་ལོ་བརྙན་འབྲུག་བཅས་ཡིན།
Domain རྩིས་རིག