29495
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འབྱུང་བ་ལྔར་སྦྱར་བའི་དུར་ལྔ་སྟེ། རི་སྐྱེལ་ཤིང་ཞེས་པ་འབྱུང་བ་ཤིང་གི་དུར་བེམ་པོ་རིར་བསྐྱལ་ནས་བྱ་གཡེང་བྱེད་པ་དང་། སྲེག་པ་མེ་ཞེས་པ་འབྱུང་བ་མེ་ཡི་དུར་བེམ་པོ་སྦྱིན་སྲེག་བྱེད་པ། སྦ་བ་ས་ཞེས་པ་འབྱུང་བ་ས་ཡི་དུར་བེམ་པོ་ས་གཏོར་བྱེད་པ། སྒྲུབ་པ་ལྕགས་ཞེས་པ་འབྱུང་བ་ལྕགས་ཀྱི་དུར་བེམ་པོ་མཆོད་རྟེན་སོགས་སུ་འཇུག་པ། སྐྱུར་བ་ཆུ་ཞེས་པ་འབྱུང་བ་ཆུ་ཡི་དུར་བེམ་པོ་ཆུ་གཏོར་བྱེད་པ་བཅས་ཡིན། |
| Domain | རྩིས་རིག |