29497
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | བོད་ཀྱི་སྐོར་འགོ་བཅོ་ལྔ་ལས་ཐོད་པ་དགུ་བརྩེགས་ཀྱི་གཟུགས་སམ་ཕྱག་རྒྱ་དབུས་སུ་བཀོད་པའི་རྩིས་གདན་སྟེང་དུ་བསྐོར་བའི་དུར་སའི་རྩིས་ལ་ཟེར་བ་ཡིན། དེ་ཡང་བརྩི་བྱའི་ལོ་རྟགས་ཕོ་ལོ་ཡིན་ན་བྱི་བ་སྡེ་ལྔ་ལས་དབང་ཁམས་རང་ལོའི་དབང་ཁམས་ཀྱི་མར་འགྲོ་བ་དེ་དང་། མོ་ལོ་ཡིན་ན་གླང་སྡེ་ལྔ་ལས་དབང་ཁམས་རང་ལོའི་དབང་ཁམས་ཀྱི་མར་འགྲོ་བ་དེ་སྐོར་འགོར་བཟུང་ཞིང་། སྐོར་འགོ་དེ་ནས་སྐྱེས་པ་ཡིན་ན་གཡས་བསྐོར་ལ་རང་ལོས་ད་ལོན་དང་། བུད་མེད་ཡིན་ན་གཡོན་བསྐོར་ལ་རང་ལོས་དུ་ལོན་བགྲངས་ན་གང་དུ་འབབ་པའི་ལོག་མེན་ལྟ་བུ་དེ་རྩིས་གཞི་བྱས། རྩིས་གཞི་དེའི་ཡར་གྱི་བཞི་བའི་སྲོག་ལ་བརྩི་བྱའི་སྲོག་གིས་འཐབ་པའི་འཐབ་རྡེལ་ནི་སྐོར་འགོ་འདིར་མངའ་བའི་རྡེའུ་བརྒྱད་ཀྱི་ཐོག་མ་སྟེ་དང་པོ་ཡིན་ཞིང་། རྡེའུ་དེས་ཕ་མེས་དུར་དུ་འགྲོ་མི་འགྲོ་ལ་བརྟག་དགོས། གལ་སྲིད་འཐབ་པའི་རྡེའུ་ལ་དཀར་པོ་བྱུང་ན་མི་འགྲོ་བས་བཟང་། ནག་པོ་བྱུང་ན་འགྲོ་བས་ངན། རྩིས་གཞི་དེའི་མར་གྱི་བཞི་བའི་ལུས་ལ་བརྩི་བྱའི་ལུས་ཀྱིས་འཐབ་པའི་འཐབ་རྡེལ་ནི་སྐོར་འགོ་འདིར་མངའ་བའི་རྡེའུ་བརྒྱད་ཀྱི་གཉིས་པ་ཡིན་ཞིང་། རྡེའུ་དེའུ་དུར་ས་བཟང་པོར་བརྟེན་ནས་གསོན་པོར་བཀྲ་ཤིས་མི་ཤིས་ལ་བརྟག་དགོས། གལ་སྲིད་འཐབ་པའི་རྡེའུ་དཀར་པོ་བྱུང་ན་བཀྲ་ཤིས་པས་བཟང་། ནག་པོ་བྱུང་ན་བཀྲ་མི་ཤིས་པས་གསོན་ལ་ཅུང་ཟད་ངན། རྩིས་གཞི་དེའི་ཡར་གྱི་བཅུ་གཅིག་པའི་དབང་ཁམས་ལ་བརྩི་བྱའི་དབང་ཁམས་ཀྱིས་འཐབ་པའི་འཐབ་རྡེལ་ནི་སྐོར་འགོ་འདིར་མངའ་བའི་རྡེའུ་བརྒྱད་ཀྱི་གསུམ་པ་ཡིན་ཞིང་། རྡེའུ་དེས་ནལ་མ་རྒྱན་ཁར་བཏགས་མ་བཏགས་ལ་བརྟག་དགོས། གལ་སྲིད་འཐབ་པའི་རྡེའུ་ལ་དཀར་པོ་བྱུང་ན་མ་བཏགས་པས་བཟང་། ནག་པོ་བྱུང་ན་བཏགས་པས་ངན། རྩིས་གཞི་དེའི་མར་གྱི་བཅུ་གཅིག་པའི་ཀླུང་རྟར་བརྩི་བྱའི་ཀླུང་རྟས་འཐབ་པའི་འཐབ་རྡེའུ་བརྒྱད་ཀྱི་བཞི་པ་ཡིན་ཞིང་། རྡེའུ་དེས་དུར་བྱུར་རྒྱན་གྱིས་རྒྱལ་མི་རྒྱལ་ལ་བརྟག་དགོས། གལ་སྲིད་འཐབ་པའི་རྡེའུ་ལ་དཀར་པོ་བྱུང་ན་མི་རྒྱལ་བར་རང་ཉིད་རྒྱལ་བས་བཟང་། ནག་པོ་བྱུང་ན་བྱུར་འདྲེ་རྒྱལ་བས་ངན། རྩིས་གཞི་དེའི་ཡར་གྱི་བདུན་པའི་སྲོག་ལ་བརྩི་བྱའི་སྲོག་གིས་འཐབ་པའི་འཐབ་རྡེལ་ནི་སྐོར་འགོ་འདིར་མངའ་བའི་རྡེའུ་བརྒྱད་ཀྱི་ལྔ་པ་ཡིན་ཞིང་། རྡེའུ་དེས་བྱིས་པའི་བླ་རྐུ་མི་རྐུ་ལ་བརྟག་དགོས། གལ་སྲིད་འཐབ་པའི་རྡེའུ་ལ་དཀར་པོ་བྱུང་ན་མི་རྐུ་བས་བཟང་། ནག་པོ་བྱུང་ན་རྐུ་བས་ཆུང་སྲི་དང་ཆུང་གླུད་གཏོང་དགོས། རྩིས་གཞི་དེའི་མར་གྱི་བདུན་པའི་ལུས་ལ་བརྩི་བྱའི་ལུས་ཀྱིས་འཐབ་པའི་འཐབ་རྡེལ་ནི་སྐོར་འགོ་འདིར་མངའ་བའི་རྡེའུ་བརྒྱད་ཀྱི་དྲུག་པ་ཡིན་ཞིང་། རྡེའུ་དེས་དུར་སྲི་མཁར་དུ་ཞུགས་མ་ཞུགས་ལ་བརྟག་དགོས། གལ་སྲིད་འཐབ་པའི་རྡེའུ་ལ་དཀར་པོ་བྱུང་ན་མ་ཞུགས་པས་བཟང་། ནག་པོ་བྱུང་ན་ཞུགས་པས་དུར་སྐྱས་བྱ་དགོས། རྩིས་གཞི་དེ་ཉིད་ཀྱི་དབང་ཁམས་ལ་བརྩི་བྱའི་དབང་ཁམས་ཀྱིས་འཐབ་པའི་འཐབ་རྡེལ་ནི་སྐོར་འགོ་འདི་མངའ་བའི་རྡེའུ་བརྒྱད་ཀྱི་བདུན་པ་ཡིན་ཞིང་། རྡེའུ་དེས་འདྲེ་སྲིན་རྒྱན་ཁ་སྒྲིབ་མི་སྒྲིབ་ལ་བརྟག་དགོས། གལ་སྲིད་འཐབ་པའི་རྡེའུ་ལ་དཀར་པོ་བྱུང་ན་མི་སྒྲིབ་པས་བཟང་། ནག་པོ་བྱུང་ན་སྒྲིབ་པས་མགོན་པོའི་གཡུལ་བཟློག་དང་དགྲ་ཟོར་དགྲ་འདུལ་བྱ་དགོས། རྩིས་གཞི་དེ་ཉིད་ཀྱི་ཀླུང་རྟར་བརྩི་བྱའི་ཀླུང་རྟས་འཐབ་པའི་འཐབ་རྡེལ་ནི་སྐོར་འགོ་འདིར་མངའ་བའི་རྡེའུ་བརྒྱད་ཀྱི་གཞུག་མ་སྟེ་བརྒྱད་པ་ཡིན་ཞིང་། རྡེའུ་དེས་འཕུང་སྲིས་དུར་ཁ་འབྱེད་མི་འབྱེད་ལ་བརྟག་དགོས། གལ་སྲིད་འཐབ་པའི་རྡེའུ་ལ་དཀར་པོ་བྱུང་ན་མི་འབྱེད་པས་བཟང་། ནག་པོ་བྱུང་ན་འབྱེད་པས་འཕུང་སྲི་སྐྱས་འདེབས་བྱ་དགོས། གལ་སྲིད་ཕོ་ལོ་ང་ལྔར་སོན་པའི་བརྩི་བྱ་ས་སྟག་ལོ་པ་ཞིག་ལ་རྩིས་འདི་བསྐོར་བར་ཆ་བཞག་ན། ལོ་རྟགས་སྟག་ཕོ་ལོ་དང་དབང་ཁམས་ས་མ་མེ་ཡིན་པས་མེ་བྱི་སྐོར་འགོར་འཛིན་དགོས། སྐོར་འགོ་དེ་ནས་གཡས་བསྐོར་དུ་ལོ་གྲངས་ང་ལྔ་བགྲངས་ན་འབབ་པའི་ལོག་མེན་ལྟ་བུ་དེ་ལྕགས་རྟ་ཡིན་པས། ལྕགས་རྟ་ནི་ཡར་དང་མར་ལ་བགྲངས་སའི་ལྟེ་བ་རྩིས་གཞི་ཡིན། རྩིས་གཞི་ལྕགས་རྟའི་ཡར་གྱི་བཞི་པ་མེ་ཡོས་ཀྱི་སྲོག་ཁམས་ཤིང་ལ་བརྩི་བྱའི་སྲོག་ཁམས་ཤིང་གིས་འཐབ་པའི་རྡེའུ་ནག་པས་ཕ་མེས་དུར་དུ་འགྲོ་བ་ལྟ་བུ་དང་། མར་གྱི་བཞི་པ་ཆུ་བྱའི་ལུས་ཁམས་ལྕགས་ལ་བརྩི་བའི་ལུས་ཁམས་སས་འཐབ་པའི་རྡེའུ་ནག་པས་དུར་ས་བཟང་པོར་བརྟེན་ནས་གསོན་པོར་བཀྲ་མི་ཤིས་པ་ལྟ་བུ། ཡར་གྱི་བཅུ་གཅིག་པ་ལྕགས་སྤྲེལ་གྱི་དབང་ཁམས་ལྕགས་ལ་བརྩི་བྱའི་དབང་ཁམས་སས་འཐབ་པའི་རྡེའུ་ནག་པས་ནལ་མ་རྒྱན་ཁར་བཏགས་པ་ལྟ་བུ། མར་གྱི་བཅུ་གཅིག་པ་ལྕགས་འབྲུག་གི་ཀླུང་ཁམས་ཤིང་ལ་བརྩི་བྱའི་ཀླུང་ཁམས་ལྕགས་ཀྱིས་འཐབ་པའི་རྡེའུ་དཀར་བས་དུར་བྱུར་རྒྱན་གྱིས་མི་རྒྱལ་བ་ལྟ་བུ། ཡར་གྱི་བདུན་པ་ཤིང་བྱའི་སྲོག་ཁམས་ཆུ་ལ་བརྩི་བྱའི་སྲོག་ཁམས་ཤིང་གིས་འཐབ་པའི་རྡེའུ་དཀར་བས་བྱིས་པའི་བླ་ནི་མི་རྐུ་བ་ལྟ་བུ། མར་གྱི་བདུན་པ་མེ་བྱིའི་ལུས་ཁམས་ཆུ་ལ་བརྩི་བྱའི་ལུས་ཁམས་སས་འཐབ་པའི་རྡེའུ་དཀར་བས་དུར་སྲི་མཁར་ལ་མ་ཞུགས་པ་ལྟ་བུ། རྩིས་གཞི་ལྕགས་རྟའི་དབང་ཁམས་ལྕགས་ལ་བརྩི་བྱའི་དབང་ཁམས་སས་འཐབ་པའི་རྡེའུ་ནག་པས་འདྲེ་སྲིན་རྒྱན་ཁ་སྒྲིབ་པ་ལྟ་བུ། ཡང་རྩིས་གཞི་དེ་ཉིད་ཀྱི་ཀླུང་ཁམས་ལྕགས་ལ་བརྩི་བྱའི་ཀླུང་ཁམས་ལྕགས་ཀྱིས་འཐབ་པའི་རྡེའུ་ནག་པས་འཕུང་སྲིས་དུར་ཁ་འབྱེད་པ་ལྟ་བུ་ཡིན། དེ་བཞིན་དུ་ལོ་ཁམས་ས་སྟག་ཡིན་པའི་བརྩི་བྱ་དེ་བུད་མེད་ཡིན་པར་ཆ་བཞག་ན། སྐོར་འགོ་མེ་བྱི་ནས་གཡོན་བསྐོར་ལ་ལོ་གྲངས་ང་ལྔ་བགྲངས་ན་གང་དུ་འབབ་པའི་ལོག་མེན་ལྟ་བུ་དེ་རྩིས་གཞིར་བཟུང་ཞིང་། རྩིས་གཞི་དེའི་ཡར་བཞི་མར་བཞི་སོགས་ལ་བརྩི་བྱའི་སྲོག་ལུས་དབང་ཀླུང་གིས་གོང་མ་ཇི་བཞིན་འཐབ་ནས་བརྟག་དགོས་པ་ཡིན། |
Domain | རྩིས་རིག |
{{#arraymap:དུར་ས་བཟང་ངན་གྱི་རྩིས་
|; |@@@ | | }}