29501

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དུར་སྤར་བཞི་ (1)
Part of speech མིང་ཚིག
Definition འབྱུང་བའི་དར་གུད་བཅུ་གཉིས་པོ་སྤར་ཁ་བརྒྱད་ཀྱི་སྟེང་དུ་སྤྱི་ལྟར་བསྐོར་ན་དུར་ཞུགས་འབབ་པའི་སྤར་ཁ་བཞི་ལ་ཟེར་ཞིང་། དེ་དག་ནི་ཤིང་དབུགས་ཟིན་ནས་བླངས་ཏེ་གཡོན་དུ་བསྐོར་ན་དུར་ཞུགས་འབབ་པའི་སྤར་ཁ་ཁོན་དང་། མེ་དབུགས་ལི་ནས་བླངས་ཏེ་གཡོན་དུ་བསྐོར་ན་དུར་ཞུགས་འབབ་པའི་སྤར་ཁ་ཁེན། ལྕགས་དབུགས་དྭ་ནས་བླངས་ཏེ་གཡོན་དུ་བསྐོར་ན་དུར་ཞུགས་འབབ་པའི་སྤར་ཁ་གིན། ས་དང་ཆུ་དབུགས་ཁམ་ནས་བླངས་ཏེ་གཡོན་དུ་བསྐོར་ན་དུར་ཞུགས་འབབ་པའི་སྤར་ཁ་ཟོན་བཅས་མཚམས་སྤར་བཞི་ཡིན། དུར་སྤར་དེ་དག་སྲོག་ཁམས་དང་སྦྱར་ན་བརྩི་བྱ་སྟག་ཡོས་གཉིས་ཀྱི་སྲོག་ཁམས་ཤིང་ཡིན་པས་དུར་སྤར་ཁོན་དང་། རྟ་སྦྲུལ་གཉིས་ཀྱི་སྲོག་ཁམས་མེ་ཡིན་པས་དུར་སྤར་ཁེན། བྱ་སྤྲེལ་གཉིས་ཀྱི་སྲོག་ཁམས་ལྕགས་ཡིན་པས་དུར་སྤར་གིན། གཤེད་བཞིའི་སྲོག་ཁམས་ས་དང་བྱི་ཕག་གཉིས་ཀྱི་སྲོག་ཁམས་ཆུ་ཡིན་པས་དུར་སྤར་ཟོན་བཅས་ཡིན།
Domain རྩིས་རིག