29540
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལང་གཤེགས་མདོ་ལས་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་སྙིང་པོའི་མདོ་ལས་བྱུང་བ་སྟེ། ལུས་ཀྱི་ལས་མི་དགེ་བ་རྣམ་པ་གསུམ་ཡོངས་སུ་སྤོང་བས་ལུས་དུལ་བ་ཉིད། ངག་གི་ལས་རྣམ་པ་བཞི་ཡོངས་སུ་སྤོང་བས་ངག་དུལ་བ་ཉིད། ཡིད་ཀྱི་ཉེས་པར་སྤྱོད་པ་རྣམ་པ་གསུམ་ཡོངས་སུ་སྤོང་བས་ཡོངས་སུ་དུལ་བ་ཉིད། རང་གི་ལུས་ལ་མངོན་པར་ཞེན་པ་མེད་པའི་ཚུལ་གྱི་ནང་དུལ་བ་ཉིད། ཆོས་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པའི་ཚུལ་གྱིས་ཕྱི་རོལ་གྱི་ཡུལ་དུལ་བ་ཉིད། ལམ་ལ་མངོན་པར་ཞེན་པ་མེད་པའི་ཚུལ་གྱིས་ཡེ་ཤེས་ཀྱི་ཚོགས་ལ་མངོན་པར་ཞེན་པ་མེད་པ་དུལ་བ་ཉིད། འཕགས་པའི་སའི་ངོ་བོ་ཉིད་ལ་རྟོག་པའི་ཚུལ་གྱིས་བདག་ལ་བསྟོད་པ་དུལ་བ་ཉིད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པའི་ཚུལ་གྱིས་ཕྱི་མའི་མཐའ་རྣམ་པར་དག་པ་ཡོངས་སུ་སྦྱོང་བ་དུལ་བ་ཉིད། སེམས་ཅན་ཐམས་ཅད་ལ་མི་སླུ་བའི་ཚུལ་གྱིས་ཐ་སྙད་ཤིན་ཏུ་ཡོངས་སུ་དུལ་བ་ཉིད། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པའི་སྙིང་རྗེ་ཆེན་པོའི་ཚུལ་གྱིས་ལུས་དང་སེམས་ལ་མི་ལྟ་བ་དུལ་བ་ཉིད་དོ། ། |
| Domain | ཆོས་ལུགས། |