From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
དུས་ (1)
| Part of speech
|
མིང་ཚིག
|
| Definition
|
ཉིན་མཚན། ལོ་ཟླ་སོགས་ཀྱི་དངོས་པོའི་འགྱུར་ལྡོག་གི་ཡུན་རིང་ཐུང་གི་ཚད་ཀྱི་དོན།
|
| Keyword
|
True
|
| Example
|
ལམ་བར་ནས་ཉིན་ཞག་གཅིག་གི་དུས་ཡུན་འགོར། ལོ་གཅིག་གི་དུས་ཡུན། དུས་གསུམ་ལྟ་བུ།
|
| Synonyms
|
སྐད་ཅིག་ཆ་ཅན། བགྲང་བྱ། འདོར་བྱེད། ཡང་དག་འགྲོ། སླར་བྱུང་།
|
དུས་ (2)
| Part of speech
|
མིང་ཚིག
|
| Definition
|
ལོ་ཟླ་སོགས་དུས་སྐབས་ངེས་ཅན་ཞིག་གི་སྐབས་ཀྱི་དོན།
|
| Example
|
དུས་བཞིའི་འགྱུར་ལྡོག ལོ་གཅིག་གི་དུས་དྲུག དུས་བརྒྱད་ལྟ་བུ།
|
དུས་ (3)
| Part of speech
|
མིང་ཚིག
|
| Definition
|
གྲངས་ཀ་དྲུག དཔྱིད་སོགས་དུས་ཚིགས་ལ་དྲུག་ཡོད་པས་སོ། །
|
| Type
|
མངོན་བརྗོད།
|
དུས་ (1)
| Part of speech
|
བསྣན་ཚིག
|
| Definition
|
འགྲོ་སྡོད་སོགས་ཀྱི་ལས་བྱེད་པའི་སྐབས་ཞེས་པའི་དོན།
|
| Example
|
འགྲོ་དུས། འདུག་དུས། ཟ་དུས། འཐུང་དུས། ཉལ་དུས། གཉིད་དུས་ལྟ་བུ།
|