29557

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དུས་ཀྱི་ཀུན་སློང་ (1)
Part of speech མིང་ཚིག
Definition དུས་ཀྱི་ཀུན་སློང་ནི་ལས་བྱ་བའི་དུས་སུ་མཐུན་པར་བྱེད་པའི་ཕྱིར་རྗེས་སུ་འཇུག་པར་བྱེད་པ་ཡིན་ནོ། །ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། ། དུས་ཀྱི་ཀུན་སློང་ནི་སྡོམ་པ་ལེན་པའི་བྱ་བ་ལ་དངོས་སུ་ཞུགས་པའི་དུས་ཀྱི་དགེ་བའི་སེམས་དང་སེམས་པ་སོགས་ཡིན་ལ། དེ་ལ་རྗེས་སུ་འཇུག་བྱེད་ཅེས་བྱ་སྟེ། བྱ་བའི་དུས་སུ་ལུས་ངག་གི་རིག་བྱེད་དང་རྗེས་སུ་མཐུན་པར་འཇུག་པ་ཡིན་པའི་ཕྱིར། དེ་ལ་མུ་བཞིར་འགྱུར་བ་ཡིན་ཏེ། མཐོང་སྤང་གི་རྣམ་ཤེས་མཚུངས་ལྡན་དང་བཅས་པ་ནི་ཡིད་ཤེས་རྟོག་བཅས་སུ་ངེས་པས་རབ་ཏུ་འཇུག་བྱེད་ཡིན་ལ། ཁ་ནང་དུ་བལྟས་པས་རྗེས་སུ་འཇུག་བྱེད་མ་ཡིན་པའི་མུ་དང་། སྒོམ་སྤང་གི་ཡིད་ཤེས་འཁོར་བཅས་ལ་སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་དང་། ཁ་ཕྱིར་བལྟས་གཉིས་ཀ་ཡོད་པས་རབ་ཏུ་འཇུག་བྱེད་དང་རྗེས་སུ་འཇུག་བྱེད་གཉིས་ཀའི་ཆ་ཡོད་དེ། སྒྲ་དོན་འདྲེས་འཛིན་གྱི་རྟོག་བཅས་ནི་དང་པོ་དང་། སྒོམ་སྤང་གི་ཡིད་ཤེས་སུ་གྱུར་པའི་ཁ་ཕྱིར་བལྟས་ནི་རྗེས་སུ་འཇུག་བྱེད་ཡིན་པའི་ཕྱིར། སྒོ་ལྔའི་རྣམ་ཤེས་འཁོར་བཅས་ནི་སྒྲ་དོན་འདྲེས་འཛིན་གྱི་རྟོག་མེད་དང་། ཁ་ཕྱིར་བལྟས་སུ་ངེས་པས་རྗེས་སུ་འཇུག་བྱེད་ཁོ་ན་དང་། རྣམ་སྨིན་སྐྱེས་རྣམས་ནི་འབད་མེད་དུ་འཇུག་པས་གཉིས་ཀ་མ་ཡིན་པའི་ཕྱིར། དེ་ཡང་སྒོམ་སྤང་གི་ཡིད་ཤེས་ལྟ་བུ་ལ་དེ་གཉིས་ཀ་ཡོད་པས་གཉིས་ཀ་ཡོད་པའི་མུར་ཁས་ལེན་པ་ཡིན་གྱི། གཉིས་ཀ་ཡིན་པའི་མུར་ནི་ཁས་མི་ལེན་ཏེ། ཆོས་དེའི་རྒྱུའི་ཀུན་སློང་ཡིན་ན། ཆོས་དེའི་དུས་ཀྱི་ཀུན་སློང་མ་ཡིན་པས་ཁྱབ་བོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་ཆོས་མངོན་པ་མཛོད་ཀྱི་སྤྱི་དོན་ལས་སོ། །
Domain ཆོས་ལུགས།